ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དབུ་བརྙེས་ཏེ་ལོ་ ༢༤ འཁོར་བ།

༢༠༢༢ ཕྱི་ཟླ་ ༨ ཚེས་ ༡༣ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དབུ་བརྙེས་པའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཕེབས་ཏེ། མཐོ་སློབ་ཀྱི་འདུ་ཁང་དུ་གཙུག་ལག་རབ་འབྱམས་པའི་སློབ་མ་རྣམས་ལ་བསླབ་པ་མཐར་སོན་གྱི་ཕྱག་འཁྱེར་གནང་ཡོད་པ། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་ངོ་དེབ།

༄༅། །ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དེ་བཞིན་ཕྱི་ལོ་ ༡༩༩༨ ལོ་གསར་འཛུགས་བྱས་ཏེ། ཕྱི་ལོ་༢༠༢༢ ཟླ་ ༨ ཚེས་ ༡༣ ཉིན་ལོ་ངོ་ཧྲིལ་པོ་ ༢༤ འཁོར་ཡོད་ཅིང་། འདི་ལོ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་བོད་ཀྱི་སྐད་བརྡ་རིག་པའི་ཐོག་ནས་གཙུག་ལག་རབ་བྱམས་པའི་བསླབ་པ་ཐར་སོན་པ་ཐོག་མར་བྱུང་ཡོད་འདུག ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org