༧གོང་ས་མཆོག་ནས་དཔེ་དེབ་སོ་གཉིས་དབུ་འབྱེད་བསྐྱངས་གནང་མཛད་པ།
བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གིས་འདས་ལོ་ཁ་ཤས་རིང་སྒྱུར་སྒྲིག་གནང་པའི་བྱིས་པའི་རྒྱུན་ཤེས་བང་མཛོད་ཅེས་པའི་དཔེ་དེབ་སོ་གཉིས་ཅན་གྱི་དེབ་ཕྲེང་འདི་༧གོང་ས་༧ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པས་མཐུན་འགྱུར་འོག་ལེགས་གྲུབ་བྱུང་ཡོད་པ།
- 2022-03-15
-
-
-
བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་།
Your browser doesn’t support HTML5 audio
བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གིས་འདས་ལོ་ཁ་ཤས་རིང་སྒྱུར་སྒྲིག་གནང་པའི་བྱིས་པའི་རྒྱུན་ཤེས་བང་མཛོད་ཅེས་པའི་དཔེ་དེབ་སོ་གཉིས་ཅན་གྱི་དེབ་ཕྲེང་འདི་༧གོང་ས་༧ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པས་མཐུན་འགྱུར་འོག་ལེགས་གྲུབ་བྱུང་ཡོད་ཅིང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༣ ཚེས་ ༡༡ ཉིན་དབུ་འབྱེད་བསྐྱངས་གནང་མཛད་ཡོད་པ་རེད། གནད་དོན་གླེང་མོལ་གྱི་ལས་རིམ་ནང་། སྒྲ་སྒྱུར་དང་ཉམས་ཞིབ་ཁང་འདིའི་སྤྱི་ཁྱབ་རྩོམ་སྒྲིག་པ་བསྟན་འཛིན་རིག་བཟང་ལགས་དང་ལྷན་འདི་གའི་ལས་བྱེད་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།