བོད་མི་ཚོས་རང་གི་སྐད་ཡིག་རིག་གཞུང་བདག་གཅེས་གནང་ཕྱོགས།

སུད་སི་གནས་བཞུགས་སྦེ་སིལ་བོད་ཡིག་སློབ་གྲྭའི་འགན་འཁུར་བཞེས་མྱོང་མཁན་དགེ་བ་བཟང་པོ་ལགས་དང་ལྷན་བོད་མི་ཚོས་རང་གི་སྐད་ཡིག་རིག་གཞུང་བདག་གཅེས་གནང་ཕྱོགས་ཐད་གླེང་མོལ་ཞུས་པ། དགེ་བ་བཟང་པོ་ལགས།

སུད་སི་གནས་བཞུགས་སྦེ་སིལ་བོད་ཡིག་སློབ་གྲྭའི་འགན་འཁུར་བཞེས་མྱོང་མཁན་དགེ་བ་བཟང་པོ་ལགས་དང་ལྷན་བོད་མི་ཚོས་རང་གི་སྐད་ཡིག་རིག་གཞུང་བདག་གཅེས་གནང་ཕྱོགས་ཐད་གླེང་མོལ་ཞུས་པ།
བོད་མི་བཙན་བྱོལ་བ་མང་དག་ཅིག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གྱར་བཞིན་པས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པ་མི་ཉམས་རྒྱུན་འཛིན་བྱེད་ཐོག གཞོན་སྐྱེས་མི་རབས་ལ་རྩིས་སྤྲོད་བྱེད་རྒྱུ་ནི་སྐབས་བབས་ཀྱི་གདོང་ལེན་བྱེད་པའི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། སུད་སི་གནས་བཞུགས་སྦེ་སིལ་བོད་ཡིག་སློབ་གྲྭའི་འགན་འཁུར་བཞེས་མྱོང་མཁན་དགེ་བ་བཟང་པོ་ལགས་དང་ལྷན་བོད་མི་ཚོས་རང་གི་སྐད་ཡིག་རིག་གཞུང་བདག་གཅེས་གནང་ཕྱོགས་ཐད་ལ་འདི་གའི་ལས་བྱེད་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org