ཨ་རིའི་རྒྱལ་ཡོངས་ལོ་ཆུང་ན་གཞོན་གྱི་ལོ་འཁོར་ Golf རྩེད་འགྲན་བོད་པའི་བུ་མོ་ཚ་རོང་ཨརྱ་ལགས་ཀྱིས་འགྲན་ཞུགས་གནང་འདུག
ཨ་རིའི་རྒྱལ་ཡོངས་ལོ་ཆུང་ན་གཞོན་གྱི་ལོ་འཁོར་ Golf རྩེད་འགྲན་ཐེངས་ ༡༠ པའི་ནང་སྦོསི་ཊོན་གནས་བཞུགས་བོད་པའི་བུ་མོ་ཚ་རོང་ཨརྱ་ལགས་ཀྱིས་འགྲན་ཞུགས་གནང་འདུག མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་སྙན་སྒྲོན་གནང་གི་རེད
- 2024-04-09
-
-
-
RFA
Your browser doesn’t support HTML5 audio
ཕྱི་ལོ་༢༠༢༤ ལོའི་ The Drive, Chip and Putt ཞེས་པའི་ཨ་རིའི་རྒྱལ་ཡོངས་ལོ་ཆུང་ན་གཞོན་གྱི་ལོ་འཁོར་ Golf རྩེད་འགྲན་ཐེངས་ ༡༠ དེ་ཕྱི་ཚེས་ ༧ རེ་གཟའ་ཉི་མར་ Augusta National Golf Club ཞེས་པའི་རྒྱལ་ཡོངས་ཀྱི་ Golf རྩེད་ཁང་དུ་གོ་སྒྲིག་ཞུས་ཡོད་ཅིང་། འདི་ལོའི་ལོ་འཁོར་གྱི་རྩེད་འགྲན་ནང་ཨ་རིའི་མངའ་སྡེ་འདྲ་མིན་ནས་ཡིན་པའི་རྩེད་འགྲན་པ་ ༨༠ འདེམས་ཐོན་བྱུང་པའི་ཁྲོད་དུ། ཨ་རིའི་ Masschussetts མངའ་སྡེའི་ Bostonགྲོང་ཁྱེར་ནས་ཡིན་པའི་ལོ་ན་བཅུ་ལ་གསོན་པའི་བོད་པའི་བོུ་ཆུང་ཆུང་ཚ་རོངས་ཨརྱ་ལགས་ལོ་ན་བཅུ་ནས་བཅུ་གཅིག་བར་གྱི་བུ་མོའི་རྩེད་འགྲན་དུ་ཞུགས་ཡོད་འདུག འདི་སྐོར་བུ་མོ་ཚ་རོངས་ཨརྱ་ལགས་དང་ཁོང་གི་པཱ་ལགས་གཉིས་ལ་བཀའ་མོལ་ཞུས་པ་ཡིན།
གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།