སེམས་ཁམས་འཕྲོད་བསྟེན་ཚན་པ་བཙུགས་པ།
དྲ་ལམ་ཐོག་ནས་སེམས་ཁམས་དཀའ་ངལ་ཡོད་མཁན་ཚོར་སེམས་ཁམས་འཕྲོད་བསྟེན་སློབ་གསོ་ལམ་སྟོན་གནང་བ།
- 2022-07-11
-
-
-
བོད་མིའི་སྒྲིག་འཛུགས།
Your browser doesn’t support HTML5 audio
ཐེངས་འདིའི་འཕྲོད་བསྟེན་ལེ་ཚན་ནང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བར་ལམ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཕྱིན་པ་ནས་བཟུང་བོད་མིའི་སྤྱི་ཚོགས་ནང་སེམས་ཁམས་འཕྲོད་བསྟེན་གྱི་ཆེད་དུ་འཕྲོད་བསྟེན་ལས་ཁུངས་ནས་སེམས་ཁམས་འཕྲོད་བསྟེན་ཚན་པ་བཙུགས་པ་དང་། དྲ་ལམ་ཐོག་ནས་སེམས་ཁམས་དཀའ་ངལ་ཡོད་མཁན་ཚོར་སེམས་ཁམས་འཕྲོད་བསྟེན་སློབ་གསོ་ལམ་སྟོན་གནང་བ་། བོད་མིའི་གཞིས་ཆགས་ཁག་གི་འཕྲོད་བསྟེན་ལས་བྱེད་པ་དང་། རྒྱ་དཔོན་། སྤྱི་མི་། མང་ཚོགས་སོགས་ལ་སེམས་ཁམས་འཕྲོད་བསྟེན་གྱི་ཤེས་བྱ་ངོ་སྤྲོད་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་བ་དང་། སྨན་བཅོས་ཀྱི་རོགས་རམ་སོགས་ཀྱི་ལས་གཞི་ཕྱག་བསྟར་གནང་མུས་ཡིན་པའི་སྐོར་གཡུ་སྒྲོན་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།