༢༠༢༡ ལོའི་༸རྒྱལ་བའི་བཀྲིན་རྗེས་དྲན་གྱི་རྐང་སྤོལ་འགྲན་བསྡུར།

སྤྱི་ཟླ་༩ཚེས་༤ནས༦བར་ཉིན་གྲངས་གསུམ་རིང་ས་ཕྱོགས་གང་ས་ནས་རྐང་རྩེད་སྤོ་ལོ་རུ་ཁག་༡༦རྩེད་འགྲན་ནང་མཉམ་ཞུགས་གནང་རྒྱུ་ཡིན་པ་རེད།

ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་་ངོ་དེབ།

བྱང་ཨ་རིའི་ནང་༢༠༢༡ལོའི་༧གོང་ས་༧སྐྱབས་མགོན་༧རྒྱལ་བ་རིན་པོ་ཆེ་མཆོག་གི་བཀྲིན་རྗེས་དྲན་རྐང་སྤོལ་རྩེད་འགྲན་གཞི་རྒྱ་ཆེ་བ་ཞིག་གོ་སྒྲིག་གནང་གི་ཡོད་པ་དང་། ཨ་རིའི་ནིའུ་ཡོཀ་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་སྤྱི་ཟླ་༩ཚེས་༤ནས༦བར་ཉིན་གྲངས་གསུམ་རིང་ས་ཕྱོགས་གང་ས་ནས་རྐང་རྩེད་སྤོ་ལོ་རུ་ཁག་༡༦རྩེད་འགྲན་ནང་མཉམ་ཞུགས་གནང་རྒྱུ་ཡིན་པ་དང་། ཨང་དང་པོ་ཐོབ་མཁན་ལ་ཨ་སྒོར་༡༠༠༠༠་བྱ་དགའ་ཡོད་པ་རེད་འདུག ས་གནས་གཞོན་ནུའི་རྩེད་འགྲན་གྱིས་དམིགས་ཡུལ་གཙོ་བོ་ནི་རང་རིགས་གཞོན་སྐྱེས་ཚོའི་འཕྲོད་བསྟེན་དང་འབྲེལ་ལམ་ཡར་རྒྱས་ལ་དམིགས་པ་ཞིག་ཡིན་པ་དང་། རྩེད་འགྲན་དེ་ཡང་གཟིགས་བརྗིད་ལྡན་པ་དང་། ཆེ་མཐོང་དང་སྤོབས་པ་ལྡན་པའི་འགྲན་ཚོགས་ཤིག་གོ་སྒྲིག་གནང་རྒྱུ་ཚ་ཚར་འུར་འུར་ངང་ནས་གྲ་སྒྲིག་གནང་བཞིན་ཡོད་པའི་སྐོར་ནིའུ་ཡོཀ་དང་ནིའུ་ཇར་སི་ས་གནས་གཞོན་ནུའི་ཚོགས་གཙོ་བཀྲིས་ལམ་བཟང་ལགས་དང་༸རྒྱལ་བའི་བཀའ་དྲིན་རྐང་རྩེད་སྤོ་ལོ་གསར་འཛུགས་གནང་མཁན་གྱི་ཚོགས་གཙོ་བསྟན་འཛིན་སྐལ་ལྡན་ལགས་དང་ལྷན་རྡོ་རྗེ་དགྲ་འདུལ་གྱིས་བཅའ་འདྲི་བྱེད་པ་གསན་རོགས་ཞུ།

གསར་འགོད་པ། རྡོ་རྗེ་དགྲ་འདུལ།

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org