གཞན་ཕན་ལས་དོན་སྒྲུབ་མཁན་དོན་གྲུབ་རྡོ་རྗེ།

དོན་གྲུབ་རྡོ་རྗེ་ལགས་ཀྱིས་རོགས་སྐྱོར་གྱི་ལས་དོན་རྒྱ་སྐྱེད་བཏང་ནས་དགོས་ངེས་ཅན་གྱི་བོད་པའི་སློབ་ཕྲུག་ལ་ཤེས་ཡོན་སོགས་ཀྱི་རོགས་སྐྱོར་གྱི་ལས་གཞི་མང་དག་ཅིག་སྤེལ་ཡོད་པ།

དོན་གྲུབ་རྡོ་རྗེ།

རང་ཉིད་ཀྱི་ཁེ་ཕན་དོར་ཏེ་གཞན་ཕན་གྱི་ལས་དོན་སྒྲུབ་རྒྱུ་དང་། དེ་ཡང་གཏམ་སྙན་གྲགས་ལ་མ་དམིགས་པར་ལས་དོན་གནང་རྒྱུ་ནི་དེ་བས་སྙིང་རྗེ་དངོས་སུ་ལག་ལེན་དུ་བཀེལ་བའི་རྣམ་པ་ཞིག་ཏུ་ཚང་མས་ངོས་འཛིན་ཞུ་གི་ཡོད་ཅིང་། ཨ་རིར་གནས་བཞུགས་དོན་གྲུབ་རྡོ་རྗེ་ལགས་ཀྱིས་དང་པོ་ཁོང་གིས་ཉམས་ཐག་སྐྱོ་པོ་གཅིག་ལ་རོགས་པ་གནང་རྒྱུའི་སྐུལ་མ་བྱུང་ཞིང་རིམ་བཞིན་རོགས་སྐྱོར་གྱི་ལས་དོན་རྒྱ་སྐྱེད་བཏང་ནས་དགོས་ངེས་ཅན་གྱི་བོད་པའི་སློབ་ཕྲུག་ལ་ཤེས་ཡོན་སོགས་ཀྱི་རོགས་སྐྱོར་གྱི་ལས་གཞི་མང་དག་ཅིག་སྤེལ་ཡོད་པ་རེད། གནད་དོན་གླེང་མོལ་གྱི་ལས་རིམ་ནང་། མང་ཚོགས་ལ་འགན་འཁུར་ཞུས་པའི་སྒོ་ནས་རོགས་སྐྱོར་ལས་དོན་གནང་ཕྱོགས་ཐད་དོན་གྲུབ་རྡོ་རྗེ་ལགས་སུ་འདི་གའི་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org