༧གོང་ས་༧སྐྱབས་མགོན་ཆེན་པོའི་༧སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ལ་རྒྱ་ནག་གཞུང་གིས་ཐེ་བྱུས་ཇི་ལྟར་ཡོང་སྲིད་མིན།

༧གོང་ས་༧སྐྱབས་མགོན་ཆེན་པོའི་༧སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ལ་རྒྱ་ནག་གཞུང་གིས་ཐེ་བྱུས་ཇི་ལྟར་ཡོང་སྲིད་མིན་དང་འཛམ་གླིང་ནང་ཤུགས་རྐྱེན་ཇི་ཆགས་སྐོར།

འབུམ་རམས་པ་ཚེ་རིང་སྒྲོལ་མ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་། བཀྲིས་དབང་ཕྱུག

སུད་སི་གྲོང་ཁྱེར་ཇི་ནི་ཝར་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་ ༥༡ པ་ཚོགས་པ་དང་བསྟུན་ནས། ཨ་རིའི་གཞུང་གི་རྒྱལ་ཚོགས་གཏན་འཇགས་ལས་ཁུངས་ཀྱིས་གོ་སྒྲིག་འོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནད་དོན་དང་དེའི་འཛམ་གླིང་ཐོག་ལ་ཤུགས་རྐྱེན་ཇི་བྱུང་ཐད་སུད་སི་ཇི་ནི་ཝར་ཟུར་ཚོགས་ཤིག་སྐོང་ཚོགས་གནང་ཡོད་པ་རེད། འདི་དང་བསྟུན་ནས་དེ་རིང་གི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ༧གོང་ས་༧སྐྱབས་མགོན་ཆེན་པོའི་༧སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ལ་རྒྱ་ནག་གཞུང་གིས་ཐེ་བྱུས་ཇི་ལྟར་ཡོང་སྲིད་མིན་དང་འཛམ་གླིང་ནང་ཤུགས་རྐྱེན་ཇི་ཆགས་སྐོར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འབུམ་རམས་པ་ཚེ་རིང་སྒྲོལ་མ་ལགས་དང་ལྷན་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org