ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད།

སློབ་ཕྲུག་གི་གཤིས་རྒྱུད་ཇེ་བཟང་དུ་གཏོང་ཐབས་ཆེདཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་སློབ་སྤེལ་གནང་རྒྱུ་གལ་ཆེན་ཡིན་པའི་སྐོར།

༸གོང་ས་མཆོག་ཕྱི་ཟླ་༤ཚེས་༨ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱེད་པའི་ཨ་རིའི་གཞུང་ཚབ་ཁང་གི་སློབ་གྲྭར་ཆིབས་བསྒྱུར་བཀའ་སློབ་གནང་བ། དགའ་ལྡན་ཕོ་བྲང་།

བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོའི་གཤིས་རྒྱུད་ཇེ་བཟང་དུ་གཏོང་ཐབས་ཆེད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་དགོངས་གཞི་ལྟར་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་སློབ་སྤེལ་གནང་རྒྱུ་གལ་ཆེ་ཡིན་སྐོར་བཞུགས་སྒར་དྷ་སར་ཤེས་ཡོན་མི་སྣའི་ལྷན་འཛོམས་ཤིག་གནང་ཡོད་པའི་སྐོར་རིག་ལྡན་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་ཞུས་གནང་གི་རེད།
གསར་འགོད་པ་རིག་ལྡན་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org