འཛམ་གླིང་ནང་རྒྱ་ནག་གི་ཤུགས་རྐྱེན་དང་འགོ་འཁྲིད་ཀྱི་གལ་གནད།
སྲིད་ཟུར་བློ་བཟང་སེངྒེ་ལགས་ཀྱིས་ཀྲོ་རོན་ཊོའི་ནང་བོད་རིགས་གཞོན་སྐྱེས་ཚོར་འཛམ་གླིང་ནང་རྒྱ་ནག་གི་ཤུགས་རྐྱེན་དང་འགོ་འཁྲིད་ཀྱི་གལ་གནད་སོགས་ཀྱི་ཐད་གསུང་བཤད་གནང་ཡོད་པ།
- 2022-08-09
-
-
-
སྲིད་ཟུར་བློ་བཟང་སེངྒེ་ལགས་ཀྱིས་ཀྲོ་རོན་ཊོའི་ནང་བོད་རིགས་གཞོན་སྐྱེས་ཚོར་འཛམ་གླིང་ནང་རྒྱ་ནག་གི་ཤུགས་རྐྱེན་དང་འགོ་འཁྲིད་ཀྱི་གལ་གནད་སོགས་ཀྱི་ཐད་གསུང་བཤད་གནང་ཡོད་པ།
Your browser doesn’t support HTML5 audio
ཟླ་འདིའི་ཕྱི་ཚེས་བདུན་ཉིན་བོད་མའི་སྤྱི་ཁང་གངས་ལྗོངས་ཆོས་ལྡན་གླིང་གི་ཚོགས་ཁང་ནང་དུ། ས་གནས་བོད་རིགས་གཞོན་སྐྱེས་བརྒྱ་དང་ལྔ་བཅུ་ལྷག་ཙམ་ཞིག་ལ་སྲིད་ཟུར་བློ་བཟང་སེངྒེ་ལགས་ཀྱིས་འགོ་འཁྲིད་ཀྱི་གལ་གནད་དང་འབྲེལ་ནས་རྒྱལ་སྤྱི་འཕོ་འགྱུར་དང་རྒྱལ་སྤྱི་ཡི་ནང་རྒྱ་ནག་གི་ཤུགས་རྐྱེན་དང་གནོན་ཤུགས་བཅས་ལ་བརྟེན་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་འགོ་འཁྲིད་རིམ་པར་གདོང་ལེན་གནང་དགོས་པའི་གནད་དོན། དེ་བཞིན་བོད་རིགས་གཞོན་སྐྱེས་ཚོས་ཤེས་ཡོན་ཡོད་པའི་ཐོག་ལ་བྱམས་དང་རྙིང་རྗེ་ལྡན་པ་ཞིག་གནང་རྒྱུ་གལ་ཆེན་པོ་ཡིན་པ་སོགས་དབྱིན་སྐད་ཐོག་གཏམ་བཤད་དང་གོ་བསྡུར་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་ཨོ་རྒྱན་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། ཨོ་རྒྱན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག