དགུང་གྲངས་༨༠ཕེབས་པར་བརྟན་བཞུགས།

༧སྐྱབས་རྗེ་མགར་ཆེན་རིན་པོ་ཆེ་དགུང་གྲངས་༨༠ཕེབས་པར་རིན་པོ་ཆེའི་ཆོས་ཚོགས་ཁག་དང་སློབ་མ་སོགས་ནས་བརྟན་བཞུགས་འབུལ་རྒྱུ།

༧སྐྱབས་རྗེ་མགར་ཆེན་རིན་པོ་ཆེ་མཆོག འབྲི་གུང་ཆོས་ཀྱི་ཉི་མ་ཆོས་ཚོགས།

༄༅།    །དེ་རིང་གི་གཞིས་བྱེས་བོད་མི་ཞེས་པའི་ལེ་ཚན་ནང་༧སྐྱབས་རྗེ་མགར་ཆེན་རིན་པོ་ཆེ་དགུང་གྲངས་༨༠ཕེབས་པར་ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་རྟེན་གཞི་བྱེད་པའི་འབྲི་གུང་ཆོས་ཀྱི་ཉི་མ་ཆོས་ཚོགས་སུ་རིན་པོ་ཆེའི་ཆོས་ཚོགས་ཁག་དང་སློབ་མ་སོགས་ནས་བརྟན་བཞུགས་འབུལ་རྒྱུ་དང་ཆོས་ཕྱོིགས་ཀྱི་མཛད་འཆར་བསྐྱང་རྒྱུ་ཡིན་པའི་སྐོར་མཁན་པོ་བསམ་གྲུབ་ལགས་སུ་ཚེ་དབང་ནོིར་བུས་བཅར་འདྲི་ཞུས་པ་གསན་རོགས།

༄༅། །ཡང་གསར་འགྱུར་དང་འབྲེལ་བའི་ལེ་ཚན་ནང་། ཨ་རིའི་རྒྱལ་སའི་ཁུལ་དུ་ཡོད་པའི་འབྲི་གུང་ཆོས་ཀྱི་ཉི་མའི་ཆོས་ཚོགས་དང་དད་ལྡན་པ་རྣམས་ཀྱིས་ཕྱི་ཚེས་༧ཉིན་ སྐྱབས་རྗེ་མགར་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་༨༠ཕེབས་པའི་སྐུའི་གྱ་སྟོན་དང་འབྲེལ་བརྟན་བཞུགས་འདེགས་འབུལ་ཞུ་རྒྱུ་སོགས་ཀྱི་མཛད་འཆར་སྐོར་ཚེ་ད་བང་དངོས་གྲུབ་ལགས་ཀྱིས་ཕྱོགས་སྒྲིག་ཞུས་པ་ཞིག་གསན་རོགས་གནང་།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org