ཕྱི་ལུགས་ནས་སྔོན་འགོག་སྨན་བཟོ་སྐྲུན་བྱེད་པའི་བརྒྱུད་རིམ་ཚད་ལྡན་ཇི་ལྟར་བྱེད་དགོས་ཀྱི་ཡོད་པ།

རྒྱ་ནག་གིས་བཟོས་པའི་སྔོན་འགོག་སྨན་ཁབ་རྒྱ་ནག་དང་བོད་ནང་རྒྱག་འགོ་བཙུགས་ཡོད་ཀྱང་ཕྱི་རྒྱལ་གྱི་ཚན་རིག་པས་བློ་བདེ་པོ་མེད་པའི་གླེང་གཞིར་གྱུར་ཡོད་པའི་གནས་ཚུལ།

༢༠༢༡།༡།༡༥། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཀོ་ཝིཌ་༡༩ ཏོག་དབྱིབས་རིམས་ནད་ཀྱི་སྔོན་འགོག་སྨན་ཁབ་རྒྱག་བཞིན་པ། ཨེ་ཨེཕ་པི།

ཐེངས་འདིའི་འཕྲོད་བསྟེན་ལེ་ཚན་ནང་།
ཉེ་ཆར་རྒྱ་ནག་གིས་བཟོས་པའི་སྔོན་འགོག་སྨན་ཁབ་རྒྱ་ནག་དང་བོད་ནང་རྒྱག་འགོ་བཙུགས་ཡོད་ཀྱང་། རྒྱ་ནག་གཞུང་གིས་སྔོན་འགོག་སྨན་ཁབ་ཀྱི་ཞིབ་འཇུག་གྲུབ་འབྲས་ཕྱིར་བསྒྲགས་མ་བྱས་པའི་རྐྱེན་གྱིས། ཕྱི་རྒྱལ་གྱི་ཚན་རིག་པའི་ཁྲོད་ནས་རྒྱ་ནག་གི་སྔོན་འགོག་སྨན་ཁབ་ལ་བློ་བདེ་པོ་མེད་པའི་གླེང་གཞིར་གྱུར་ཡོད་པར་བརྟེན། ཕྱི་ལུགས་ནས་སྔོན་འགོག་སྨན་བཟོ་སྐྲུན་བྱེད་པའི་བརྒྱུད་རིམ་ཚད་ལྡན་ཇི་ལྟར་བྱེད་དགོས་ཀྱི་ཡོད་པའི་སྐོར་ལ་གཡུ་སྒྲོན་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org