བོད་ཀྱི་སྐད་ཡིག་སྐོར།
བོད་ཀྱི་སྐད་ཡིག་དེ་བོད་མི་ཚོ་ལ་གནད་འགག་ཇི་འདྲ་ཞིག་ཆགས་ཀྱི་ཡོད་མེད་དང་དེ་མི་ཉམས་གོང་སྤེལ་དང་ཉམས་པ་སླར་གསོ་གཏོང་རྒྱུའི་ཐད་སྤྱི་ཚོགས་ནང་འགན་ཇི་ལྟར་ཁུར་དགོས་མིན་སྐོར།
-
2016-05-04 -
-
-
༼ཡུལ་གྱར་བུ་མོའི་སེམས་པ༽དཔེ་དེབ་འབྲི་མཁན་དོན་འགྲུབ་སྒྲོལ་མ།
ངོ་དེབ།
Your browser doesn’t support HTML5 audio
༄༅། །བོད་ཀྱི་སྐད་ཡིག་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་གཏོང་རྒྱུའི་ཐད་རྩོམ་པ་པོ་དང་ཚོང་པ། སློབ་གྲྭ་བ་དང་ཕ་མ་སོགས་ཀྱི་ངོས་ནས་འགན་ཇི་ལྟར་ཁུར་དགོས་མིན་དང་། དེ་བཞིན་བོད་ཀྱི་སྐད་ཡིག་དེ་བོད་མི་ཚོ་ལ་གནད་འགག་ཆེན་པོ་ཇི་འདྲ་ཞིག་ཆགས་ཀྱི་ཡོད་མེད་སོགས་ཀྱི་སྐོར་ལ་འབྲས་སྤུངས་བློ་གསལ་གླིང་གི་བྲག་པ་ཁམས་ཚན་གྱི་དགེ་བཤེས་ལྷག་རམ་པ་དགེ་བཤེས་མཆོག་ལྡན་ལགས། བོད་ཀྱི་ལས་འགུལ་ལྟེ་གནས་ཁང་གི་ཞིབ་འཇུག་པ་བསྟན་རྡོར་ལགས། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་བུ་མེད་མཐོ་སློབ་ཞིག་ཏུ་ནུབ་ཕྱོགས་པའི་རྩོམ་རིག་ཆེད་ལས་ཀྱི་སློབ་གཉེར་བྱེད་བཞིན་པའི་སྡེ་དགེ་བ་དོན་འགྲུབ་སྒྲོལ་མ་ལགས་བཅས་ཀྱི་མཉམ་དུ་གོང་ཞུས་ཀྱི་གནད་དོན་ཁག་གི་སྐོར་ལ་བགྲོ་གླེང་བྱེད་རྒྱུ་ཡིན།