བོད་མི་ཞིག་གིས་ཉམས་ཐག་དབུལ་ཕོངས་ ༥༠༠ ཙམ་ལ་རིན་མེད་སྐྲ་བཞར་གྱི་ལས་དོན་གྲུབ་པ།

༢༠༡༦ ནས་བཟུང་ད་བར་ལོ་ངོ་ ༧ ཙམ་གྱི་རིང་བོད་མི་སྐྱབས་བཅོལ་བ་དང་། ཕྱི་རྒྱལ་མི་རིགས་སྡོད་གནས་མེད་པའི་དབུལ་ཕོངས་རིགས་ལ་སྐྲ་བཞར་གྱི་ལས་དོན་ཐོག་ནས་ཞབས་འདེགས་བསྒྲུབས་དང་སྒྲུབ་བཞིན་པ།

ཀུན་དགའ།/སྒྲིག་བཟོ།

ཕ་རན་སི་ནང་ཕྱི་ལོ་ ༢༠༡༤ ལོར་སྐྱབས་བཅོལ་ལ་འབྱོར་ཏེ་ ༢༠༡༦ ནས་བཟུང་ད་བར་ལོ་ངོ་ ༧ ཙམ་གྱི་རིང་བོད་མི་སྐྱབས་བཅོལ་བ་དང་།  ཕྱི་རྒྱལ་མི་རིགས་སྡོད་གནས་མེད་པའི་དབུལ་ཕོངས་རིགས་ལ་སྐྲ་བཞར་གྱི་ལས་དོན་ཐོག་ནས་ཞབས་འདེགས་བསྒྲུབས་དང་སྒྲུབ་བཞིན་པ་ཀུན་དགའ་འོད་ཟེར་ལགས་ཀྱིས་ད་བར་ཉམས་ཐག་མི་གྲངས་ ༥༠༠ བརྒལ་བར་སྐྲ་བཟོའི་མཛེས་བཅོས་བྱས་ཡོད་པ་དང་།  ཁོང་གིས་རྟག་ཏུ་བོད་ཀྱི་རྒྱལ་དར་ངོ་སྤྲོད་ཞུས་པའི་ཐོག་ནས།  བོད་ནང་གི་ཆབ་སྲིད་ཀྱི་གནས་བབ་དང་།  སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་ཁག་གི་སྐོར་ངོ་སྤྲོད་གནང་བཞིན་ཡོད་འདུག  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཀུན་དགའ་འོད་ཟེར་ལགས་ཀྱི་སྤྱི་ཚོགས་ཞབས་ཞུའི་ལས་དོན་སྐོར་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་བཀའ་དྲི་ཞུས་པར་གསན་རོགས་གནང་།

གསར་འགོད་པ། བཀྲིས་དབང་ཕྱུག

རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org