བོད་བསྟན་སྲིད་ཆེད་ཞབས་རིམ།
རྒྱ་གར་ལྷོ་ཕྱོགས་སེར་བྱེས་གྲྭ་ཚང་དུ་༸རྒྱལ་བའི་སྐུ་ཕྱྭ་དང་བོད་བསྟན་སྲིད་ཀྱི་ཆེད་དུ་རྟ་མགྲིན་གྱི་གཟུངས་སྔགས་གྲངས་གསོག་གནང་བཞིན་འདུག
-
2014-02-14 -
-
-
༸གོང་ས་མཆོག་ནས་ཉེ་འཆར་སེར་བྱེས་སུ་ཆོས་འབྲེལ་བསྩལ་སྐབས་ཀྱི་སྐུ་པར།
༸སྐུ་སྒེར་དྲ་གནས།
Your browser doesn’t support HTML5 audio
༄༅། །རྒྱ་གར་ལྷོ་ཕྱོགས་སེར་བྱེས་མཁས་སྙན་གྲྭ་ཚང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། ཐུགས་ཀྱི་བཞེས་དོན་ཐ་དག་ལྷུན་གྱིས་གྲུབ་པ། དེ་བཞིན་བོད་དོན་བདེན་མཐའ་མྱུར་དུ་སེལ་བ་བཅས་ལ་དམིགས་ནས་རྟ་མགྲིན་གྱི་གཟུངས་སྔགས་གྲངས་གསོག་གནང་བཞིན་འདུག དེའི་སྐོར་ང་ཚོའི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།།