གཞི་རིམ་སྤྱི་ཚོགས་ཀྱི་ཁྲོད་དུ་ཆོས་ལུཊ་མཐུན་སྒྲིལ་གོང་སྤེལ་གཏོང་ཕྱོགས།
- 2024-04-09
-
-
-
Your browser doesn’t support HTML5 audio
ཆོས་ལུགས་མཐུན་སྒྲིལ་གོང་སྤེལ་གཏོང་རྒྱུ་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་སྐྱེད་དམ་བཅའ་བཞིའི་ཁོངས་ནས་གཅིག་ཡིན་ཞིང་། བོད་ཀྱི་བླ་སྤྲུལ་དགེ་བཤེས་དང་། སྐྱ་སེར་ཡོངས་ཀྱིས་འབད་པ་ཞུ་བའི་སེམས་ཅན་སྤྱིའི་བདེ་རྩའི་ལས་དོན་གལ་ཆེན་ཞིག་ཀྱང་ཆགས་ཀྱི་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཨ་རིའི་ནང་དུ་རང་ཉིད་སྒེར་གྱིས་འབད་བརྩོན་གནང་སྟེ་ཆོས་ལུགས་འདྲ་མིན་གྱི་ཆོས་དཔོན་དང་བླ་མ་སོགས་དང་འབྲེལ་བ་གནང་སྟེ་བོད་མིའི་ཆོས་དང་རིག་གཞུང་ངོ་སྤྲོད་གནང་རྒྱུར་འབད་བརྩོད་བསྟུད་མར་གནང་མཁན་ཐེ་པོ་སྤྲུལ་སྐུ་མཆོག་དང་ལྷན་གཞི་རིམ་མང་ཚོགས་ཁྲོད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་ཇི་ལྟར་སྤེལ་ཐབས་གནང་རྒྱུ་ཡོད་མེད་ཐད་མྱོང་བ་དང་འབྲེལ་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་ཚབ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།