བོད་པའི་དམག་སྒར་ཨང་༢༢པའི་ལོ་རྒྱུས་དང་དམག་མིའི་སྐོར།

བོད་པའི་དམག་སྒར་ཨང་༢༢པའི་ལོ་རྒྱུས་དང་དམག་མིའི་སྐོར་བསོད་ནམས་ཚེ་རིང་ལགས་ཀྱིས་ངོ་སྤྲོད་ཞུས་པ།

ཉེ་ཆར་རྒྱ་གར་བྱང་ཕྱོགས་ལ་དྭགས་ས་ཁུལ་དུ་རྒྱ་གར་དང་རྒྱ་ནག་དབར་མཐའ་མཚམས་ཐད་རྩོད་རྙོག་བྱུང་སྐབས་འབར་རྫས་གས་ཐོར་བྱུང་སྟེ་འདས་གྲོངས་སུ་ཕྱིན་པའི་བོད་རིགས་དམག་དཔོན་ཉི་མ་བསྟན་འཛིན་ལགས། ཨེ་ཨེཕ་པི།

ཉེ་ཆར་རྒྱ་གར་ལ་དྭགས་ཕྱོགས་སུ་རྒྱ་གར་གྱི་མཐའ་སྲུང་དམག་མི་བོད་རིགས་ཉི་མ་བསྟན་འཛིན་ལགས་ལ་དྭགས་ས་མཚམས་སུ་འབར་རྫས་གས་ཐོར་གི་དོན་རྐྱེན་འོག་འདས་གྲོངས་སུ་ཕྱིན་པའི་རྗེས། བོད་པའི་དམག་སྒར་ཨང་༢༢་པ་དང་ལོ་རྒྱུས་དེ་བཞིན་དེའི་ནང་གི་དམག་མི་ལ་སོགས་པའི་སྐོར་བོད་ཙམ་མ་ཡིན་པར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་དོ་སྣང་བྱས་ཡོད་པའི་གནས་ཚུལ་དང་འབྲེལ་ནས་བོད་པའི་དམག་སྒར་༢༢་པའི་སྐོར་བསོད་ནམས་ཚེ་རིང་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org