ཁེ་ན་ཌའི་རྙིང་མའི་སྨོན་ལམ་ཐེངས་དང་པོ།
ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོ་ཁུལ་དུ་རྒྱལ་སྤྱིའི་དཔལ་སྔ་འགྱུར་རྙིང་མའི་ཐེབས་རྩས་གོ་སྒྲིག་འོག་ཁེ་ན་ཌའི་རྙིང་མའི་སྨོན་ལམ་ཐེངས་དང་པོ་དེ་འཚོགས་བཞིན་ཡོད་པ།
- 2022-08-13
-
-
-
རྒྱལ་སྤྱིའི་དཔལ་སྔ་འགྱུར་རྙིང་མའི་ཐེབས་རྩས་གོ་སྒྲིག་ཞུས་པའི་ཁེ་ན་ཌའི་རྙིང་མའི་སྨོན་ལམ་ཐེངས་དང་པོ་དེ་འཚོགས་བཞིན་ཡོད་པ་རེད།
རྒྱལ་སྤྱིའི་དཔལ་སྔ་འགྱུར་རྙིང་མའི་ཐེབས་རྩ།
Your browser doesn’t support HTML5 audio
ཕྱི་ཟླ་ ༨ ཚེས་ ༡༢ ནས་དབུ་འཛུགས་ཀྱིས་ཉིན་བཞིའི་རིང་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོ་ཁུལ་དུ་རྒྱལ་སྤྱིའི་དཔལ་སྔ་འགྱུར་རྙིང་མའི་ཐེབས་རྩས་གོ་སྒྲིག་ཞུས་པའི་ཁེ་ན་ཌའི་རྙིང་མའི་སྨོན་ལམ་ཐེངས་དང་པོ་དེ་འཚོགས་བཞིན་ཡོད་པ་རེད། སྨོན་ལམ་མཆོད་འབུལ་ནས་ཞལ་འདེབས་བྱུང་བའི་འཕྲོས་ལྷག་རྣམས་དགོན་པ་དང་ཤེས་ཡོན་བསྟི་གནས་ཁག་ཏུ་རོགས་སྐྱོར་གནང་རྒྱུའི་ཆེད་དམིགས་འཛུགས་གནང་དང་གནང་བཞིན་འདུག ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། སྨོན་ལམ་གོ་སྒྲིག་གནང་མཁན་བདེ་ཆེན་རྡོ་རྗེ་ལགས་དང་ལྷན་འདི་གའི་ལས་བྱེད་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག