ཐུགས་དམ་སྐོར།

དགོངས་པ་རྫོགས་པའི་བྱ་བྲལ་བ་དགེ་བཤེས་བློ་བཟང་སེང་གེ་ལགས་ད་ལྟ་མུ་མཐུད་ནས་བཞུགས་སྒར་རྡ་རམ་ས་ལའི་བདེ་ལེགས་སྨན་ཁང་དུ་ཐུགས་དམ་ལ་བཞུགས་བཞིན་ཡོད་པ་དང་ཐུགས་དམ་གྱི་སྐོར།

དགེ་བཤེས་བློ་བཟང་སེང་གེ་ལགས་ཐུགས་དམ་ལ་བཞུགས་ཡོད་པ་དང་ཉེ་བའི་སྐུ་པར། ༢༠༡༨།༡༠ མཐུན་འགྱུར་པར་རིས། བློ་བཟང་ཆོས་འཕེལ།

ཁ་བའི་གྲོས་ར་ལེ་ཚན་ནང་ཉེ་ལམ་དགོངས་པ་རྫོགས་པའི་བྱ་བྲལ་བ་དགེ་བཤེས་བློ་བཟང་སེང་གེ་ལགས་ད་ལྟ་མུ་མཐུད་ནས་བཞུགས་སྒར་རྡ་རམ་ས་ལའི་བདེ་ལེགས་སྨན་ཁང་དུ་ཐུགས་དམ་ལ་བཞུགས་བཞིན་ཡོད་པར་གནས་ཚུལ་དང་སྦྲགས།ཐུ  གས་དམ་བཞུགས་ཟེར་བ་དེ་སྤྱིར་ནང་པའི་ཆོས་ཕྱོགས་ཀྱི་འབྲེལ་བཤད་རྒྱག་སྟངས་དང་།ཡང་སྒོས་ཚན་རིག་པས་དེའི་ཐད་གང་འདྲ་གཟིགས་ཀྱི་ཡོད་མེད་སྐོར་གླེང་རྒྱུ་ཡིན་། སྐུ་མགྲོན་གཙོ་བོ་དགའ་ལྡན་ཤར་རྩེ་མཁན་ཟུར་རིན་པོ་ཆེ་བྱང་ཆུབ་ཆོས་ལྡན་མཆོག་དང་།ཨ་རིའི་ནང་ཞུགས་པའི་མཁན་པོ་དཀོན་མཆོག་སྨོན་ལམ།ཐུགས་དམ་བཞུགས་པའི་དགེ་བཤེས་བློ་བཟང་སེང་གེ་ལགས་ཀྱི་ཚ་བོ་གྲ་བློ་བཟང་ཆོས་འཕེལ་ལགས་བཅས་རྣམ་པ་གསུམ་དང་མཉམ་དུ་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱི་གླེང་མོལ་ཞུས་པར་ཉན་རོགས་ཞུ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org