བོད་ཕྱི་ནང་གཉིས་སུ་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་བྱས་པ།

ཕྱི་ལོ་ ༢༠༡༧ ནས་བཟུང་བོད་ཕྱི་ནང་གཉིས་སུ་བོད་ཀྱི་མེས་པའི་མཛད་རྗེས་གྱི་ངོ་བོ་མཚོན་ནུས་པའི་བོད་ཀྱི་གནའ་རབས་ལོ་ངོ་བརྒྱ་ཕྲག་མང་པོའི་གོང་ནས་བཟོས་པའི་ཡི་གེ་དང་སྐད་ཡིག་བདག་གཅེས་བྱེད་པའི་ཡི་གེ་བཟོས་པར་རྗེས་དྲན་ཞུ་བའི་དུས་ཚིགས་ཤིག་ཆགས་ཡོད་པ།

བསྟན་པ་འཇམ་དབྱངས།

བོད་ཀྱི་ཡིག་གཟུགས་ཉིན་མོ་ཞེས་ཕྱི་ལོ་ ༢༠༡༧ ནས་བཟུང་བོད་ཕྱི་ནང་གཉིས་སུ་བོད་ཀྱི་མེས་པའི་མཛད་རྗེས་གྱི་ངོ་བོ་མཚོན་ནུས་པའི་བོད་ཀྱི་གནའ་རབས་ལོ་ངོ་བརྒྱ་ཕྲག་མང་པོའི་གོང་ནས་བཟོས་པའི་ཡི་གེ་དང་སྐད་ཡིག་བདག་གཅེས་བྱེད་པའི་ཡི་གེ་བཟོས་པར་རྗེས་དྲན་ཞུ་བའི་དུས་ཚིགས་ཤིག་ཆགས་ཤིང་། ལྷག་པར་ཕྱི་ཟླ་ ༤ ཚེས་ ༣༠ འདི་བཞིན་དབྱངས་བཞི་དང་གསལ་བྱེད་སུམ་ཅུའི་མཚོན་དོན་དུ་རྩིས་ནས་གཏན་འབེབས་བྱས་པ་ཞིག་ཡིན་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བྱང་ཀེལ་བོད་རིགས་ཚོགས་པའི་ཁྱབ་ཁོངས་གཟའ་འཇུག་བོད་པའི་སློབ་གྲྭ་རྣམ་དཔྱོད་སྐྱེད་ཚལ་གྱི་སློབ་སྤྱི་སྐལ་བཟང་རྡོ་རྗེ་ལགས་དང་། ཕ་མའི་ཚོགས་ཆུང་གི་ཚོགས་གཙོ་བློ་བཟང་མཐར་ཕྱིན་ལགས། དེ་བཞིན་ས་གནས་སུ་ལོ་ངོ་ ༢༠ ཙམ་གྱི་གོང་ནས་བོད་ཡིག་སློབ་ཁྲིད་བྱེད་རྒྱུའི་ཆེད་ཁྱིམ་ཚང་ ༨ ཀྱི་ཕྲུ་གུ་རྣམས་སྐྱིད་མོའི་ཚལ་དུ་འཛོམས་ནས་སློབ་ཁྲིད་གནང་མཁན་གྲས་སུ་ཡོད་པ་བོད་ཡིག་གི་ཡིག་གཟུགས་ལ་དྭང་བ་ཅན་བསྟན་པ་འཇམ་དབྱངས་ལགས་བཅས་དང་ལྷན་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བཀའ་དྲི་ཞུས་པའི་ལས་རིམ་ཞིག་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org