བོད་ཀྱི་ཟློས་སྒར་ཚོགས་པས་བསླབ་གཞིར་བསྒྱུར་བ་བཏང་རྗེས་མ་འོངས་པར་ཟློས་སྒར་གྱི་མཐོ་རིམ་སློབ་གྲྭ་ཚད་ལྡན་ཞིག་ཏུ་བསྒྱུར་ཐུབ་རྒྱུའི་རེ་བ།

AP

ཤེས་ཡོན་སློབ་གསོའི་ལེ་ཚན་ནང་བཞུགས་སྒར་རྡ་རམ་ས་ལར་བརྟེན་གཞི་གནང་བའི་བོད་ཀྱི་ཟློས་སྒར་ཚོགས་པས་བསླབ་གཞིར་བསྒྱུར་བ་བཏང་གནང་སྟེ་སྔོན་གྱི་འཁྲབ་སྟོན་ལམ་ལུགས་སློབ་འཁྲིད་གནང་བ་ཙམ་མ་ཡིན་པར་སློབ་ཕྲུག་ཚོར་གཞུང་ལུགས་ཐོག་ནས་འགྲེལ་བཤད་ཆ་ཚང་རྒྱབ་ཐུབ་པའི་ཤེས་ཡོན་མཁོ་སྤྲོད་གནང་ཐུབ་པ་ཡིན་ན། མ་འོངས་པར་ཕྱི་ཕྱོགས་སུ་སློབ་ཐོན་ལག་འཁྱེར་ལ་ངོས་འཛིན་ཐོབ་པའི་བོད་ཀྱི་ཟློས་སྒར་གྱི་མཐོ་རིམ་སློབ་གྲྭ་ཚད་ལྡན་ཞིག་ཏུ་བསྒྱུར་ཐུབ་རྒྱུ་ཡིན་པ།  བོད་ཀྱི་ཟློས་སྒར་ཚོགས་པའི་བསླབ་གཞི་བསྐྱར་བཅོས་ཀྱི་ལྷན་ཚོགས་ནང་མཉམ་ཞུགས་གནང་མཁན་ཝ་ར་ཎ་སི་དབུས་བོད་ཀྱི་མཐོ་སློབ་ཁང་གི་སྐད་ཡིག་སྡེ་མཚན་གྱི་སློབ་དཔོན་ལྷག་པ་ཚེ་རིང་ལགས་ཀྱིས་གསུང་པ་རྩོམ་སྒྲིག་འགན་འཛིན་རིག་ལྡན་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་ཞུས་གནང་གི་རེད།

གསར་འགོད་པ། རིག་ལྡན་སྒྲོལ་མ། 
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན།  ནོར་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org