༡༩༥༩ལོའི་གོང་ལ་བོད་པའི་བུད་མེད་ཀྱི་ཤེས་ཡོན་སློབ་གསོའི་གནས་བབས་གང་འདྲ་ཡོད་མིན་སྐོར་ངོ་སྤྲོད།
༡༩༥༩ལོའི་གོང་ལ་བོད་པའི་བུད་མེད་ཀྱི་ཤེས་ཡོན་སློབ་གསོའི་གནས་བབས་གང་འདྲ་ཡོད་མེད་སོགས་ཀྱི་ཐད་སྟག་ལྷ་རྣམ་རྒྱལ་ལྷ་མོ་ལགས་ཀྱིས་ངོ་སྤྲོད་གནང་བ།
- 2021-06-16
-
-
-
བཙན་བྱོལ་བོད་གཞུང་གི་མཐོ་རིམ་གཞུང་ཞབས་ཟུར་པ་དང་རྩོམ་པ་པོ་སྟག་ལྷ་རྣམ་རྒྱལ་ལྷ་མོ་ལགས།
བོད་མིའི་སྒྲིག་འཛུགས།
Your browser doesn’t support HTML5 audio
ཐེངས་འདིའི་ཤེས་ཡོན་སློབ་གསོའི་ལེ་ཚན་ནང་། བོད་པའི་བུད་མེད་ཀྱི་༡༩༥༩ལོའི་གོང་གི་ཤེས་ཡོན་སློབ་གསོའི་གནས་བབས་སྐོར། དུས་སྐབས་དེའི་ནང་འཚར་ལོངས་གནང་བའི་བཙན་བྱོལ་བོད་གཞུང་གི་མཐོ་རིམ་གཞུང་ཞབས་ཟུར་པ་དང་། བོད་པའི་བུད་མེད་ཅེས་པའི་ཕྱག་དེབ་སོགས་ཕྱག་དེབ་གཞན་མང་པོ་རྩོམ་བྲིས་གནང་མཁན་སྟག་ལྷ་རྣམ་རྒྱལ་ལྷ་མོ་ལགས་སུ་རྩོམ་སྒྲིག་འགན་འཛིན་རིག་ལྡན་སྒྲོལ་མ་ལགས་ཀྱིས་གནས་འདྲི་ཞུས་པའི་ལེ་ཚན་དང་པོ་དེ་གསན་རོགས་ཞུ།།