འཛམ་གླིང་སྙན་ངག་ཉིན་མོ།

འཛམ་གླིང་སྙན་ངག་ཉིན་མོ་ཞེས་སྙན་ངག་ལ་འགྲོ་བ་མིའི་སེམས་ཀྱི་གསར་གཏོད་ཀྱི་ནུས་པ་འཛིན་པའི་ནུས་པ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་ངོས་འཛིན་ཆེད་དུ་དགའ་སྟོན་བྱེད་ཀྱི་ཡོད།

སྒྲིག་བཟོ།

འཛམ་གླིང་སྙན་ངག་ཉིན་མོ་ལོ་ལྟར་ཕྱི་ཟླ་༣ཚེས་༢༡ཉིན་སྲུང་བརྩི་ཞུ་བཞིན་པ་ནི། སྙན་ངག་ལ་འགྲོ་བ་མིའི་སེམས་ཀྱི་གསར་གཏོད་ཀྱི་ནུས་པ་འཛིན་པའི་ནུས་པ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་ངོས་འཛིན་ཆེད་དུ་དགའ་སྟོན་བྱེད་ཀྱི་ཡོད།  རི་མཐོ་ས་གཙང་དྲྭ་རྒྱའི་རྩོམ་སྒྲིག་པ་བདེ་ཆེན་སྤེན་པ་ལགས་ཀྱིས་ང་ཚོས་འཛམ་གླིང་སྙན་ངག་ཉིན་མོ་སྲུང་བརྩི་བྱེད་བཞིན་པའི་སྐབས་འདིར་བོད་ཀྱི་རྩོམ་པ་པོ་དང་སྙན་ངག་པ་རྣམས་ཀྱི་སྙན་ངག་གི་བརྗོད་བྱའི་དོན་ལ་བསམ་ཞིབ་གནང་གལ་ཤིན་ཏུ་ཆེན་པོ་ཡིན་པ་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད་པའི་སྐོར་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།

གསར་འགོད་པ། བསྟན་འཛིན་བདེ་སྐྱིད།

རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org