ལོ་ངོ་༢༥འཁོར་བའི་དུས་དྲན།

ཕྱི་ལོ་༢༠༡༢ཟླ་༩ཚེས་༢༧ཉིན་མོ་དེ་བཞིན་བོད་ནང་ལྔ་བཅུ་ང་དགུའི་རྗེས་བོད་མི་རྣམས་ནས་གཞི་རྒྱ་ཆེ་བའི་ལས་འགུལ་ཐོག་མ་སྤེལ་འགོ་བཙུགས་ནས་ལོ་ངོ་༢༥འཁོར་བའི་དུས་དྲན་གྱི་ཉིན་མོ་ཡིན་པ་རེད།

༡༩༨༧ཟླ་༩ཚེས༢༧ཉིན་ལས་འགུལ་སྐབས་ཀྱི་འདྲ་དཔར། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ།
གསར་འགྱུར་ལ་གསན་རོགས།

༄༅།    །འདི་རིང་གི་གཏམ་གླེང་ཞལ་པར་ལེ་ཚན་ནང་།    ལོ་ངོ་༢༥སྔོན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་འབྲས་སྤུངས་དགོན་པའི་དགེ་འདུན་པ་ཁག་ཅིག་ནས་༡༩༥༩ལོའི་རྗེས་བོད་ཀྱི་རྒྱལ་དར་འཕྱར་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཐོག་མ་འདི་སྤེལ་ཡོད་པ་རེད།    གནད་དོན་དེའི་ཐོག་༡༩༨༧་ལོའི་ལས་འགུལ་ནང་དངོས་སུ་བཞུགས་མྱོང་མཁན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ཟུར་ངག་དབང་འོད་འབར་ལགས་དང་།    དྷ་ས་བོད་ཕྲུག་ཁྱིམ་སྡེའི་ཆོས་དགེ་ངག་དབང་བདེ་ལེགས་ལགས་རྣམ་གཉིས་དང་ལྷན་དུ་སྒྲོལ་དཀར་ནས་གླེང་མོལ་ཞུས་པ་གསན་རོགས་གནང་།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org