བོད་པའི་གཞོན་སྐྱེས་ཀྱི་འགོ་ཁྲིད་ཟབ་སྦྱོང་།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་གོ་སྒྲིག་འོག་ཟླ་བ་འདིའི་ཚེས་༤ནས་༧བར་ཨ་རིའི་ནང་ཡོད་པའི་བོད་རིགས་གཞོན་སྐྱེས་༡༡ལ་འགོ་ཁྲིད་ཀྱི་ཟབ་སྦྱོང་གནང་ཡོད་པ་རེད།
-
2013-06-06 -
-
-
ཟབ་སྦྱོང་བ་རྣམས་ནས་ང་ཚོ་རླུང་འཕྲིན་ཁང་དུ་གཟིགས་སྐོར་གནང་བ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། སྒྲོལ་མ་ཆོས་འཛོམས།
Your browser doesn’t support HTML5 audio
༄༅། །དེ་རིང་གི་གཏམ་གླེང་ཞལ་པར་ལེ་ཚན་ནང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གོ་སྒྲིག་འོག ཉིན་གྲངས་བཞིའི་རིང་བོད་པའི་གཞོན་སྐྱེས་ཀྱི་འགོ་ཁྲིད་ཟབ་སྦྱོང་ཞིག་གནང་ཡོད་པ་དང་། ད་རེས་ཀྱི་ཟབ་སྦྱོང་དེའི་ནང་ཨ་རིའི་ Californiaདང་། Wisconsin, Minnesota, New York, Oregon, དང་། Massachusettsབཅས་ནས་བོད་རིགས་གཞོན་སྐྱེས་༡༡ནས་མཉམ་ཞུགས་གནང་ཡོད་པ་རེད། ང་ཚོའི་གཏམ་གླེང་ཞལ་པར་གྱི་ལས་རིམ་གཙོ་སྐྱོང་བ་སྒྲོལ་དཀར་ལགས་ནས་ད་རེས་ཀྱི་ཟབ་སྦྱོང་དེའི་ནང་མཉམ་ཞུགས་གནང་མཁན་དང་འབྲེལ་ཡོད་མི་སྣར་བཀའ་མོལ་ཞུས་པ་ཞིག་གསན་རོགས་གནང་།།