རྒྱ་གཞུང་གིས་འབྲི་རུར་ལྟ་ཚུལ།

རྒྱ་ནག་དབུས་གཞུང་རྒྱལ་ཡོངས་ཉེན་རྟོག་ལྷན་ཁང་ནས་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་མང་པོ་ཞིག་འབྲི་རུ་རྫོང་དུ་བཏང་ནས་སློབ་གསོ་དང་ལས་དོན་སོགས་ཀྱི་ཐོག་ལ་ཞིབ་འཇུག་བྱེད་དགོས་བྱུང་ཡོད་པ་རེད།

འབྲི་རུ་ཁུལ་ལ་རྒྱ་ནག་གི་དམག་མི་དཀྲམ་ཡོད་པའི་རྣམ་པ། པར། TCHRD

༄༅།    །ཐེངས་འདིའི་ཁ་བའི་གྲོས་རྭ་ཞེས་པའི་ལེ་ཚན་ནང་།    བོད་ཀྱི་ཁམས་འབྲི་རུ་རྫོང་གི་སེར་སྐྱ་མི་མང་རྣམས་ནས་རྒྱ་ནག་གཞུང་གིས་བོད་ཐོག་ལ་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་ལ་ངོ་རྒོལ་ཤུགས་ཆེ་གནང་ཡོད་པ་དང་།    དེས་རྐྱེན་པས་རྒྱ་ནག་དབུས་གཞུང་རྒྱལ་ཡོངས་ཉེན་རྟོག་ལྷན་ཁང་ནས་ རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་མང་པོ་ཞིག་ཁམས་འབྲི་རུ་རྫོང་དུ་བཏང་ནས་སློབ་གསོ་དང་ལས་དོན་སོགས་ཀྱི་ཐོག་ལ་ཞིབ་འཇུག་བྱེད་དགོས་བྱུང་ཡོད་པས་མ་ཟད།    རྒྱ་ནག་གཞུང་གིས་བོད་ལྗོངས་ནག་ཆུ་ཁུལ་གྱི་འབྲི་རུ་རྫོང་དེ་ནི། བརྟན་ལྷིང་མེད་པའི་ས་ཁུལ་སྡུག་ཤོས་ཤིག་ལ་ངོས་འཛིན་བྱས་ཡོད་པ་སོགས་ཀྱི་སྐོར།    ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་དམིགས་བསལ་སློབ་སྟོན་པ་ཀརྨ་རྡོ་རྗེ་ལགས་སུ་བློ་བཟང་གིས་བཅའ་འདྲི་ཞུས་པར་གསན་རོགས་གནང་།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org