རྒྱ་གཞུང་གིས་དགེ་བཙུན་རྣམས་ལ་ཉེན་བརྡ།
རྒྱ་གཞུང་གིས་ཆབ་མདོ་འཇོ་མདའ་རྫོང་དུ་དགེ་འདུན་པ་དང་བཙུན་མ་རྣམས་ལ་ཁྱིམ་ཐོ་ལས་མིང་མེད་པ་བཟོ་རྒྱུའི་ཉེན་བརྡ།
-
2014-10-16 -
-
-
ཆབ་མདོ།
བི་ཀི་པི་ཌི་ཡ།
༄༅༎ཆབ་མདོ་འཇོ་མདའ་རྫོང་བོད་རིགས་གནས་སྡོད་ཀྱི་གྲོང་སྡེ་སོ་སོའི་ནང་དུ་རྒྱ་གཞུང་གི་ལས་བྱེད་མི་སྣ་ཡོང་སྟེ། མཚོ་སྔོན་དང་ཟི་ཁྲོན་སོགས་སུ་སློབ་སྦྱོང་ཆེད་འགྲོ་མཁན་གྱི་དགེ་འདུན་པ་དང་བཙུན་མ་རྣམས་འཕྲལ་དུ་སོ་སོའི་རང་ཁྱིམ་དུ་ཡོང་དགོས་པ་དང༌། གལ་ཏེ་མ་ཡོང་བ་ཡིན་ན་ཁྱིམ་ཐོ་ལས་མིང་མེད་པར་བཟོ་རྒྱུ་ཡིན་པ་སོགས་ཀྱི་ཁྱབ་བསྒྲགས་བྱས་ཡོད་པའི་སྐོར། ས་གནས་ནས་བོད་མི་ཞིག་གིས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་སུ་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས་ཞུ༎
གསར་འགོད་པ་ཀུན་བཟང་བསྟན་འཛིན།