བླ་རུང་སྒར་སྟངས་འཛིན་ཆེད་དམར་ཤོག་ཚོགས་པའི་ཚོགས་མི་ཆེད་འཛུགས།

རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་སྟངས་འཛིན་བྱེད་ཆེད་དམར་ཤོག་ཚོགས་པའི་ཚོགས་མི་ཁག་གཅིག་ཆེད་འཛུགས་བྱེད་འཆར་འདུག

གསེར་རྟ་བླ་རུང་ཆོས་སྒར། བོད་ནས་བཏང་འབྱོར།

༄༅།    །རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་སྟངས་འཛིན་བྱེད་ཆེད་དམར་ཤོག་ཚོགས་པའི་ཚོགས་མི་ཁག་གཅིག་ཆེད་འཛུགས་བྱེད་འཆར་ཡོད་པ་དྷ་རམ་ས་ལ་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་འདུག    ཕྱི་ཟླ་ ༨ ཚེས་ ༢༠ ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱིས་གཞུང་འབྲེལ་གསལ་བསྒྲགས་ཞིག་སྤེལ་བར་གཞིགས་ན། བོད་རིགས་དམར་ཤོག་ཚོགས་པའི་ཚོགས་མི་དྲུག་བསྐོ་གཞག་བྱ་རྒྱུ་མིང་འདོན་བྱས་འདུག་ཅིང་། དེའི་ཁོངས་ནས་ལྔ་སྐྱེས་པ་དང་གཅིག་བེུད་ཡིན་འདུག་ཅིང་། ཁོང་ཚོའི་ནང་ནས་མི་གསུམ་མངའ་རིག་ནང་བསྟན་སློབ་གླིང་གི་འཛིན་སྐྱོང་ལས་དོན་ནང་འཇུག་རྒྱུ་དང་། གསུམ་བླ་རུང་སྒར་དགོན་པའི་ལས་དོན་ཚོགས་ཆུང་གི་སྣེ་ཁྲིད་དུ་འཇོག་རྒྱུ་ཡིན་འདུག    དེའི་སྐོར་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་ཞིག་དང་གཡུ་སྒྲོན་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པ་ཞིག་གསན་རོགས་གནང་།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org