བོད་དང་རྒྱ་ནག་ནང་གི་སྒྱུ་རྩལ་བར་རྡུང་རྡེག་གཏོང་བཞིན་པ།

བོད་ནང་དུ་ཤེས་ཡོན་མི་སྣ་དང་སྒྱུ་རྩལ་བ་སྡེ་ཚོར་ཕྲད་བཞིན་པའི་དཀའ་ངལ་གྱི་རྒྱུ་རྐྱེན་དེ་དག་གཅིག་པ་ཞིག་ཡིན་མིན་ཀྱི་སྐོར་གླེང་བ།

རྒྱ་རིགས་པི་ཡ་ནོ་རོལ་ཆ་གཏོང་མཁན་ལི་ཡུན་ཌི། ངོ་དེབ།

དེང་སྐབས་རྒྱ་ནག་ནང་སྒྱུ་རྩལ་བ་དང་ཤེས་ལྡན་མི་སྣ་འགའ་ཤས་ལ་ཕྲད་བཞིན་པའི་དཀའ་ངལ་དེ་བཞིན་བོད་ནང་དུ་ཤེས་ཡོན་མི་སྣ་དང་སྒྱུ་རྩལ་བ་སྡེ་ཚོར་ཕྲད་བཞིན་པའི་དཀའ་ངལ་གྱི་རྒྱུ་རྐྱེན་དེ་དག་གཅིག་པ་ཞིག་ཡིན་མིན་ཀྱི་སྐོརདང་།ལྷག་པར་དུ་ཉེ་ལམ་རྒྱ་ནག་གིས་Piano པི་ཡ་ནོ་རོལ་ཆ་གཏོང་མཁན་གྲགས་ཅན་པ་Li Yundiཁོང་གཞང་འཚོང་མ་བསྟེན་པ་ཉེས་འཛུགས་ཀྱིས་འཇུ་བཟུང་བཀག་ཉར་བྱ་པ་སོགས་རྒྱ་ནག་གིས་ཟེར་ན་ཁྲིམས་འགལ་དང་ཀུན་སྤྱོད་མི་གཙང་བའི་སྒྱུ་རྩལ་བ་ཚོར་ཐོག་རྡུང་རྡེག་གི་ལས་འགུལ་ཞིག་སྤེལ་ཡོད་པ་རེད། དེའི་སྐོར་ད་ལྟ་སུད་སི་བཞུགས་པའི་བོད་རྒྱ་འབྲེལ་མཐུད་པ་ཟུར་པ་བློ་བཟང་ཉི་མ་ལགས་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་བགྲོ་གླེང་བྱ་པ་གསན་རོགས་ཞུ།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org