ཡུ་ཀརེན་གྱི་ར་ཤེ་ཡའི་བཙན་འཛུལ་ལ་འཐབ་རྒོལ་ནས་ཐེ་ཝན་ལ་སློབ་གསོ།

ཡུ་ཀརེན་རྒྱལ་ཁབ་ཀྱི་རི་ཤི་ཡའི་བཙན་འཛུལ་ལ་འཐབ་རྒོལ་བྱ་སྟངས་ཀྱི་ཐོག་ནས་ཐེ་ཝན་ལ་སློབ་གསོ་ཇི་ལྟར་ལེན་རྒྱུ་ཡོད་མིན།

ཐེ་ཝན་གྱི་དཔུང་དམག པར་ཚགས།

དམིགས་བསལ་ཆེད་སྒྲིགས་ཀྱི་ལེ་ཚན་ནང་ཡུ་ཀརེན་རྒྱལ་ཁབ་ཀྱི་རི་ཤི་ཡའི་བཙན་འཛུལ་ལ་འཐབ་རྒོལ་བྱ་སྟངས་ཀྱི་ཐོག་ནས་ཐེ་ཝན་ལ་སློབ་གསོ་ཇི་ལྟར་ལེན་རྒྱུ་ཡོད་མིན་དང་། དེ་བཞིན་ད་ལྟའི་དུས་སུ་རྒྱལ་སྤྱིའི་ཐོག་རྒྱ་ནག་ལ་མཐོང་ཚུལ་སྡུག་པོ་ཡོད་བཞིན་པའི་སྐབས་འདིར་བོད་དོན་འཐབ་རྩོད་ཆེད་གོ་སྐབས་དམ་འཛིན་ཇི་ལྟར་ཐུབ་མིན་སོགས་ཀྱི་ཐད་ལྡི་ལི་གཙུག་ལག་སློབ་ཆེན་ནང་རྒྱལ་སྤྱིིའི་ཆབ་སྲིད་རིགས་པའི་སློབ་གཉེར་གནང་བཞིན་པ་དང་ སྤྱི་ཚོགས་དྲ་ལམ་ཐོག་ཆབ་སྲིད་ཀྱི་གནད་དོན་དབྱེ་ཞིབ་གནང་མཁན་བསྟན་འཛིན་དབང་ཕྱུགས་ལགས་སུ་འདི་གའི་ལས་བྱེད་དོན་གྲུབ་རྣམ་རྒྱལ་ལགས་ཀྱིས་བཅར་འདྲི་ཞུས་པ་གསན་རོགས་གནང་།
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org