རྒྱ་གཞུང་གིས་ཡུ་གུར་མི་རིགས་རྩ་བརླག་གཏོང་རྒྱུའི་སྲིད་བྱུས་འཛིན་ཡོད་ལུགས་ཐད་གྲོས་ཆོད་བཞག་པ།

ཁེ་ན་ཌ་དང་ནེ་དར་ལནྜ་གཉིས་ཀྱི་གྲོས་ཚོགས་ནང་རྒྱ་གཞུང་གིས་ཡུ་གུར་མི་རིགས་རྩ་བརླག་གཏོང་རྒྱུའི་སྲིད་བྱུས་འཛིན་གྱི་ཡོད་ལུགས་ཀྱི་གྲོས་ཆོད་བཞག་ཡོད་པ།

བཙན་བྱོལ་དུ་ཡོད་པའི་ཡུ་གུར་མི་མང་ཚོས་ཡུ་རོབ་རྒྱལ་ཁབ་བྷེལ་ཇམ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཡན་ལག་ཁང་གི་མདུན་དུ་ངོ་རྒོལ། འཛམ་གླིང་ཡུ་གུར་ཚོགས་པ།

ཉེ་ཆར་ཁེ་ན་ཌ་དང་ནེ་དར་ལནྜ་གཉིས་ཀྱི་གྲོས་ཚོགས་ནང་། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཚོའི་ཐོག་མི་རིགས་རྩ་བརླག་གཏོང་རྒྱུའི་སྲིད་བྱུས་འཛིན་གྱི་ཡོད་ལུགས་གྲོས་ཆོད་བཞག་པ་དང་། དེ་བཞིན་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུའི་ཐོག་ལའང་ཤིན་ཅང་ནང་གནས་སྟངས་ཛ་དྲག་ཡོད་པ་སོགས་ཀྱི་སྐོར་གླེང་སློང་ཤུགས་ཆེ་བྱུང་ཡོད་པ་བཅས་ཀྱི་གནད་དོན་ཐད་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org