དབྱིན་ཇིའི་རྒྱལ་སའི་ནང་རྒྱ་ནག་གི་གཞུང་ཚབ་ཁང་ཆེ་བ་སྐྲུན་འཆར་ལ་ཆོག་མཆན་སྤྲད་མེད་པ།

དབྱིན་ཡུལ་རྒྱལ་ས་ལན་ཌོན་གྱི་ Tower Hamlet ས་ཁུལ་དུ་རྒྱ་ནག་གཞུང་ཚབ་ཆེ་བ་ཞིག་གསར་སྐྲུན་བྱ་རྒྱུའི་འཆར་གཞི་དེར་ས་གནས་གྲོང་སྡེ་ལྷན་ཚོགས་ཀྱིས་སྤྱི་མོས་ཐོག་ནས་དགག་བྱ་བྱས་ཏེ་ཆོག་མཆན་སྤྲད་མེད་པ།

ཨེ་པི།

དབྱིན་ཡུལ་རྒྱལ་ས་ལན་ཌོན་གྱི་ Tower Hamlet ས་ཁུལ་དུ་རྒྱ་ནག་གཞུང་ཚབ་ཆེ་བ་ཞིག་གསར་སྐྲུན་བྱ་རྒྱུའི་འཆར་གཞི་དེར་ས་གནས་གྲོང་སྡེ་ལྷན་ཚོགས་ཀྱིས་སྤྱི་མོས་ཐོག་ནས་དགག་བྱ་བྱས་ཏེ་ཆོག་མཆན་སྤྲད་མེད་པ་དང་།  དེ་ཡང་ས་གནས་དེའི་ཉེ་ཁུལ་གྱི་ཡུལ་མིའི་བདེ་འཇགས་དང་འབྲེལ་ཡོད་པ་རྒྱུ་མཚན་དུ་ལུང་འདྲེན་བྱས་འདུག  ཕྱོགས་མཚུངས་དབྱིན་ཇིའི་གྲོས་ཚོགས་ཀྱི་ཚོགས་ཆུང་ཞིག་གིས་ལས་དོན་སྙན་ཐོ་ཤིག་གི་ནང་རྒྱ་ནག་ནི་དབྱིན་ཡུལ་ལ་སྲུང་སྐྱོབས་དང་འཕྲུལ་རིགས་བདེ་འཇགས་ཀྱི་ཐོག་ནས་ཉེན་འགན་ཡོད་པའི་རྒྱལ་ཁབ་ཅིག་ཏུ་ཐེར་འདོན་བྱས་པ་དང་།  བོད་ཀྱི་གནད་དོན་ཐོག་ལའང་གླེང་སློང་བྱས་འདུག  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  དབྱིན་ཇིའི་བོད་རང་དབང་ཚོགས་པའི་གཞི་རིམ་ལས་འགུལ་འགན་འཁུར་བ་དང་ཁུལ་དེའི་ཆབ་སྲིད་ཀྱི་འཕོ་འགྱུར་ལ་རྒྱུས་མངའ་ཆེ་བ་བསྟན་འཛིན་ཀུན་དགའ་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org