བོད་པའི་བེུད་བདེ་ཆེན་ལྷ་མོ་ལགས་ཀྱིས་རི་བོ་ཇོ་མ་གླང་མར་འཛེགས་ཡོད་པ།
བོད་པའི་དྭང་སློབ་དམག་སྒར་ནས་བོད་པའི་བེུད་བདེ་ཆེན་ལྷ་མོ་ལགས་དང་བོད་པ་ཁག་ཅིག་གིས་རྒྱ་གར་གྱི་རུ་ཁག་མཉམ་བོད་ཀྱི་ཕྱོགས་ནས་རི་བོ་ཇོ་མ་གླང་མར་འཛེགས་ཡོད་པའི་གནས་ཚུལ།
- 2022-02-08
-
-
-
Your browser doesn’t support HTML5 audio
གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ད་བར་བོད་པའི་བེུད་མང་པོ་ཞིག་གིས་རྒྱ་གར་ནང་གི་རི་བོ་མཐོ་གྲས་མང་པོར་འཛེགས་པ་མ་ཟད། བོད་པའི་དྭང་སློབ་དམག་སྒར་ནས་བོད་པའི་བེུད་བདེ་ཆེན་ལྷ་མོ་ལགས་དང་བོད་པ་ཁག་ཅིག་གིས་རྒྱ་གར་གྱི་རུ་ཁག་མཉམ་བོད་ཀྱི་ཕྱོགས་ནས་རི་བོ་ཇོ་མ་གླང་མར་འཛེགས་ཡོད་ཅིང་། རི་འཛེགས་ཀྱི་བརྒྱུད་རིམ་འདིའི་ཁྲོད་བོད་ནང་སླེབས་སྐབས། ཁོང་མོའི་ཕྱག་རོགས་བོད་པའི་བུ་བསྟན་འཛིན་ཞུ་བ་ཁོང་གི་ཕ་མ་སྤུན་མཆེད་དང་ཐུགས་ཕྲད་བྱུང་བའི་ལོ་རྒྱུས་མཚར་པོ་ཞིག་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་ཡོད་པ་རེད། གཤམ་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བེུད་རི་འཛེགས་པ་བདེ་ཆེན་ལྷ་མོ་ལགས་སུ་བཀའ་དྲི་ཞུས་པའི་ལས་རིམ་ཞིག་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།