ཨོ་ལིམ་པིཀསི་རྩེད་འགྲན་པ་དང་འགྲོ་བ་མིའི་མིའི་ཐོབ་ཐང་།
རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་པའི་ཁོངས་འགྲོ་བ་མིའི་ཐོབ་ཐང་སྐོར་སྐད་ཆ་བཤད་མཁན་ལ་རྒྱལ་ཁབ་སོ་སོའི་རྩེད་འགྲན་གོ་སྒྲིག་བྱེད་མཁན་ནས་རྒྱབ་སྐྱོར་གནང་དགོས།
- 2022-01-27
-
-
-
བོད་རང་བཙན་སློབ་ཕྲུག་ཚོགས་པ།
Your browser doesn’t support HTML5 audio
རེས་གཟའ་ལྷག་པའི་ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པས་དྲ་རྒྱའི་ཐོག་ནས་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་བའི་ཐོག་གསར་འགོད་པ་མང་པོ་མཉམ་ཞུགས་གནང་བ་མ་ཟད། རིང་མིན་རྒྱ་ནག་ཏུ་ཚོགས་རྒྱུའི་ཨོ་ལིམ་པིཀསི་རྩེད་འགྲན་ནང་མཉམ་ཞུགས་གནང་མཁན་རྒྱལ་སྤྱིའི་རྩེད་འགྲན་པ་ཚོས་བོད་དང་ཡུ་གུར། ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་སྐད་ཆ་བཤད་མཁན་ལ་རྒྱལ་ཁབ་སོ་སོའི་རྩེད་འགྲན་གོ་སྒྲིག་བྱེད་མཁན་ནས་རྒྱབ་སྐྱོར་གནང་དགོས་པའི་སྐོར་གླེང་སློང་ཤུགས་ཆེ་བྱུང་བའི་སྐོར་གཡུ་སྒྲོན་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ་། གཡུ་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།