རྒྱལ་སྤྱིའི་བོད་རིག་པའི་གཞོན་ནུའི་ཚོགས་འདུ་ཐེངས་ ༧ པ།

རྒྱལ་སྤྱིའི་བོད་རིག་པའི་གཞོན་ནུའི་ཚོགས་འདུ་ཐེངས་ ༧ པ་ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༩ པའི་ནང་དབྱིན་ཡུལ་ཨོཀསི་ཕོརཌི་གཙུག་ལག་སློབ་ཆེན་དུ་ཚོགས་རྒྱུའི་ཚོགས་བརྡ་གསལ་བསྒྲགས་གནང་ཡོད་པ།

རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་གྲོས་ཚོགས།

རྒྱལ་སྤྱིའི་བོད་རིག་པའི་གཞོན་ནུའི་ཚོགས་འདུ་ཐེངས་ ༧ པ་ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༩ པའི་ནང་དབྱིན་ཡུལ་ཨོཀསི་ཕོརཌི་གཙུག་ལག་སློབ་ཆེན་དུ་ཚོགས་རྒྱུའི་ཚོགས་བརྡ་གསལ་བསྒྲགས་གནང་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བོད་རིག་པའི་ཚོགས་འདུའི་བརྒྱུད་རིམ་དང་གྲ་སྒྲིག རྒྱལ་སྤྱིའི་ཚོགས་འདུའི་གལ་གནད་དང་ཕན་ནུས་སྐོར་གོ་སྒྲིག་གནང་མཁན་སྦྲ་རིགས་ཐོགས་མེད་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org