ཧོང་ཀོང་ནང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབས་ཞེས་པའི་ཁྲིམས་ཡིག་ཕྱིར་འཐེན་དགོས་པའི་དགོས་འདུན།

འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གཞུང་ལ་ཧོང་ཀོང་ནང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབས་ཞེས་པའི་ཁྲིམས་ཡིག་འདི་ཕྱིར་འཐེན་བྱ་དགོས་པའི་དགོས་འདུན་བཏོན་ཡོད་པ།

ཨེ་ཨེཕ་པི།

འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གཞུང་ལ་ཧོང་ཀོང་ནང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབས་ཞེས་པའི་ཁྲིམས་ཡིག་འདི་ཕྱིར་འཐེན་བྱ་དགོས་པའི་དགོས་འདུན་བཏོན་ཡོད་ཅིང་།  རྒྱ་ནག་གཞུང་གིས་ཁྲིམས་ཡིག་འདི་ ༢༠༢༠ ལོ་ནས་ལག་བསྟར་འགོ་འཛུགས་བྱས་པའི་རྗེས་ཧོང་ཀོང་གི་ནང་དུ་གནད་འགག་ཅན་གྱི་ཆབ་སྲིད་པ་དང་།  གསར་འགོད་པ།  མི་མང་བཅས་མི་གྲངས་ ༢༠༠ ལྷག་འཇུ་བཟུང་བྱས་ཏེ་ཉེས་ཅན་པ་རྩིས་སྤྲོད་ཀྱི་ཁོངས་ནས་རྒྱ་ནག་ལ་བཏང་སྟེ་ཞིབ་འཇུག་དང་།  ཁྲིམས་གཏུག  ཉེས་ཆད་བཀེལ་རྒྱུའི་ཉེན་འགན་ཞིག་ཕྲད་ཡོད་པ་རེད།  གཤམ་ལ་དཔྱད་བརྗོད་གླེང་སྟེགས་ཀྱི་ལས་རིམ་ནང་།  བསྟན་འཛིན་བདེ་སྐྱིད་ལགས་དང་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པ་འདི་གསན་རོགས་གནང་།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org