གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ཐོག་བོད་དོན་གླེང་རྒྱུའི་འཆར་གཞི།
སྤྱི་ལོ་༢༠༢༤ལོའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ཐེངས་༢༩ པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཁོར་ཡུག་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་ཕེབས་འཆར་ཡོད་པ་རེད།
- 2024-11-09
-
-
-
Your browser doesn’t support HTML5 audio
བོད་ཀྱི་ཁོར་ཡུག་ཟེར་བའི་ལེ་ཚན་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ་༢༠༢༤ལོའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ཐེངས་༢༩པ་དེ་ Azerbaijanརྒྱལ་ཁབ་ཀྱི་རྒྱལ་ས་Bakuརུ་འཚོགས་རྒྱུ་ཡིན་པ་དང་། རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ལ་གདོང་ལེན་བྱེད་པའི་ཚོགས་ཆེན་དེ་དང་བསྟུན་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཁོར་ཡུག་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་ཀྱང་ཚོགས་ཆེན་དེའི་སྐབས་སུ་ཕེབས་བཅར་ཞུ་ཡི་ཡོད་ལ། བོད་ཀྱི་ཁོར་ཡུག་གནས་སྟངས་དང་གལ་གནད་དང་བོད་ཀྱི་ཁམས་སྡེ་དགེའི་ཁུལ་དུ་ཆུརགས་རྒྱག་རྒྱུའི་ལས་འཆར་གྱི་ཉེན་ཚབས་སོགས་ཀྱི་སྐོར་ཞུ་གཏུགས་ཀྱི་ལས་འགུལ་ཁག་སྤེལ་རྒྱུའི་འཆར་གཞི་གང་ཡོད་སྐོར་ཁོང་ལ་བཅའ་འདྲི་ཞུས་ཏེ་ཚེ་དབང་ནོར་བུ་ལགས་ཀྱིས་སྙན་སྒྲོན་ཞུས་པ་དེ་གསན་རོགས་ཞུ།
གསར་འགོད་པ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།