རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ཡོ་རོབ་ནང་འབྱོར་སྐབས་ངོ་རྒོལ།
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ཡོ་རོབ་རྒྱལ་ཁབ་ཁག་ལྔའི་ནང་འཚམས་གཟིགས་ཐད་བོད་མི་དང་། ཡུ་གུར་མི་རིགས། ཧོང་ཀོང་མང་གཙོ་དོན་གཉེར་བ་ཚོས་ངོ་རྒོལ་གྱི་ལས་འགུལ།
-
2020-08-28 -
-
-
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་པེ་རིས་ནང་འབྱོར་སྐབས་ངོ་རྒོལ།
བསམ་འགྲུབ།
Your browser doesn’t support HTML5 audio
རྒྱ་ནག་གིས་ཡོ་རོབ་རྒྱལ་ཁབ་ཁག་དང་འབྲེལ་བ་དམ་ཟབ་གཏོང་རྒྱུར་དམིགས་སྟེ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ཡོ་རོབ་རྒྱལ་ཁབ་ཁག་ལྔའི་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་ཡོད་པ་དེའི་ཐད་བོད་མི་དང་། ཡུ་གུར་མི་རིགས། ཧོང་ཀོང་མང་གཙོ་དོན་གཉེར་བ་ཚོས་ཝང་ཡི་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་གནང་བཞིན་ཡོད་པའི་སྐོར་དབྱངས་སྒྲོལ་ལགས་ཀྱིས་འབྲེལ་ཡོད་མི་སྣར་གནས་འདྲི་ཞུས་སྟེ་གནས་ཚུལ་ཕྱོགས་སྒྲིག་ཞུས་པ་དེ་གསན་རོགས་གནང་།