བོད་རྒྱ་འབྲེལ་མོལ་གྱི་ལས་དོན་ཚོཌ་ཆུང་གི་ལྷན་ཚོཌ་མཇུག་བསྒྲིལ།

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཚོགས་པའི་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་བཅོ་བརྒྱད་པ་དེ་མཇུག་སྒྲིལ་གནང་ཡོད་པ་རེད།

༄༅༎རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་བོད་ཕྲུག་ཁྱིམ་སྡེའི་སློབ་ཁང་དུ་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་བཅོ་བརྒྱད་པ་དེ་རེས་གཟའ་སྤེན་པའི་ཉིན་མཇུག་སྒྲིལ་གནང་ཡོད་པ་རེད།

བོད་རྒྱ་འབྲེལ་མོལ་གྱི་ལས་དོན་ཚོགས་ཆུང་ནང་ཡོད་པའི་བཙན་བྱོལ་བོད་གཞུང་གི་ཕྱི་དྲིལ་ལས་ཁང་གི་ཕྱི་འབྲེལ་དྲུང་ཆེ་སྐུ་ཞབས་དྭགས་པོ་བསོད་ནམ་ནོར་བུ་ལགས་ཀྱིས་ཕ་ཡུལ་དྲ་རྒྱའི་གསར་འགོད་པར་འགྲེལ་བརྗོད་གནང་ཡོད་བར་གཞིགས་ན་ད་རེས་ཀྱི་ལྷན་ཚོགས་དེ་བཞིན་བོད་རྒྱ་འབྲེལ་མོལ་གནང་བའི་སྔ་རྗེས་གཉིས་སུ་རྒྱུན་ལྡན་ཚུགས་སྲོལ་ཡོད་པའི་ལྷན་ཚོགས་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་འདུག

ཕྱི་འབྲེལ་དྲུང་ཆེ་བསོད་ནམ་ནོར་བུ་ལགས་ཀྱིས་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པ་དེ་མ་གནང་གོང་སྔ་ལོ་ཕྱི་ཟླ་དགུ་པའི་ནང་ལས་དོན་ཚོགས་ཆུང་གི་ལྷན་ཚོགས་དེ་གནང་ཡོད་པ་དང་ད་རེས་ཀྱི་ལྷན་ཚོགས་དེ་ནི་སྔ་ལོ་སྤྱི་ཟླ་བཅུ་པ་དང་བཅུ་གཉིས་ནང་སྐུ་ཚབ་ཚོགས་ཆུང་རྒྱ་ནག་ལ་ཕེབས་པའི་རྗེས་ཀྱི་ལྷན་ཚོགས་མཇུག་སྐྱོང་གནང་བ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་འདུག ཡང་ཁོང་གིས་མུ་མཐུད་དེ་གསུང་པར་རྒྱ་ནག་གཞུང་ཕྱོགས་ནས་ལྷག་བསམ་རྣམ་བདག་གི་སྒོ་ནས་འབྲེལ་བ་གནང་བ་ཡིན་ན་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་དང་འབྲེལ་མོལ་མུ་མཐུད་གནང་རྒྱུར་ག་དུས་ཡིན་ནས་གྲ་སྒྲིག་ཡོད་སྐོར་གསུང་འདུག

སྔ་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྣམ་པས་རྒྱ་ནག་གཞུང་ལ་བོད་ནང་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་དགོས་རྒྱུའི་ཡིག་ཆ་གནང་སྐབས་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཚོས་ཡིག་ཆ་དེའི་ནང་དོན་ལ་ཁས་ལེན་མ་བྱས་པར་དེ་ནི་རང་སྐྱོང་གི་མིང་ཐོག་ནས་བོད་ལ་རང་བཙན་དང་ཕྱེད་རང་བཙན་རྣམ་པ་འགྱུར་བའི་རང་བཙན་སོགས་ཀྱི་མིང་བཏགས་ཏེ་མོས་མཐུན་མེད་ལུགས་ཀྱི་རྣམ་འགྱུར་བསྟེན་ཡོད་པ་ཞིག་རེད། ཕྱི་འབྲེལ་དྲུང་ཆེ་བསོད་ནམ་ནོར་བུ་ལགས་ཀྱིས་རྒྱ་ནག་གིས་གྲོས་མོལ་བྱ་རྒྱུའི་སྒོ་མོ་ཕྱེས་ཡོད་ལུགས་བརྗོད་བཞིན་ཡོད་ནའང་རྒྱ་ནག་གཞུང་ཕྱོགས་ནས་བོད་མི་རིགས་མངའ་ཁུལ་རང་སྐྱོང་དགོས་རྒྱུའི་ཡིག་ཆའི་ནང་དོན་སྐོར་རྒྱ་ནག་གིས་གྲོས་མོལ་བྱ་རྒྱུར་གྲ་སྒྲིག་མེད་ལུགས་གསུང་ཡོད་པ་སོགས་ཀྱི་གནས་ཚུལ་ཕ་ཡུལ་དྲ་རྒྱའི་ནང་གསལ་བཏོན་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org