རྒྱ་ནག་ནང་ནད་འབུ་ལས་བྱུང་བའི་འགོས་ནད་ཁྱབ་འདུག

རྒྱ་ནག་ཁྱོན་ཡོངས་ནང་ད་དུང་བྱིས་པ་མི་གྲངས་༡༥༧༩༩ཙམ་གྱི་ལུས་པོར་ནད་ཡམས་དེ་འགོས་ཁྱབ་བྱུང་ཡོད་པ་རེད་

༄༅༎དེང་སྐབས་རྒྱ་ནག་ནང་ནད་འབུ་ལས་བྱུང་བའི་འགོས་ནད་ཚབས་ཆེ་ཞིག་ཁྱབ་སྤེལ་འགྲོ་བཞིན་

པ་དེས་དེ་རིང་བར་རྒྱ་ནག་ཁྱོན་ཡོངས་སུ་ནད་ཡམས་དེའི་རྐྱེན་པས་བྱིས་པ་༢༨རྐྱེན་འདས་སུ་གྱུར་

ཡོད་པ་རེད་ཅེས་རྒྱ་ནག་གཞུང་འབྲེལ་འཕྲོད་བསྟེན་ལྷན་ཁང་ནས་དེ་རིང་གསལ་བསྒྲགས་གནང་ཡོད་པ་

རེད་ དེ་ཡང་རྒྱ་ནག་གི་དབུས་ཨན་ཧུའེ་ཞིང་ཆེན་ནང་གོང་ཞུས་ནད་ཡམས་དེའི་རྐྱེན་པས་བྱིས་པ་

༢༢རྐྱེན་འདས་སུ་གྱུར་བའི་གནས་ཚུལ་བྱུང་བའི་རྗེས་ཞིང་ཆེན་དེའི་ནང་ནད་ཡམས་དེ་བྱུང་མ་ཐག་

གཞུང་ལ་སྙན་སེང་མི་ཞུ་མཁན་མི་སྣ་བཅུ་ལ་ཉེས་ཆད་ཕོག་ཡོད་པ་མ་ཟད་ནད་ཡམས་དེའི་ཐོག་

གདོང་ལེན་ཇི་ལྟར་བྱས་ཡོད་མིན་ཐད་ལའང་གོང་ཞུས་ཚན་པས་སྐྱོན་བརྗོད་གནང་ཡོད་པ་རེད་

གང་ལྟར་གོང་ཞུས་ནད་ཡམས་དེས་རྐྱེན་པས་རྒྱ་ནག་ཁྱོན་ཡོངས་ནང་ད་བར་མི་གྲངས་༢༨རྐྱེན་འདས་

སུ་གྱུར་ཡོད་པ་མ་ཟད་ད་དུང་བྱིས་པ་མི་གྲངས་༡༥༧༩༩ཙམ་གྱི་ལུས་པོར་ནད་ཡམས་དེ་འགོས་ཁྱབ་

བྱུང་ཡོད་པ་རེད་

ནང་ཡམས་དེ་ནད་འབུ་ལས་འགོས་ཁྱབ་བྱུང་བའི་འགོས་སླ་བའི་ནད་ཡམས་ཞིག་ཡིན་ཞིང་འགོས་ནད་

ཡོད་པའི་མི་མང་བར་ཐད་ཀར་མཆིལ་མ་དང་བཙོག་པ་ ལུད་པ་སོགས་ཀྱི་འབྲེལ་བའི་ཐོག་ནས་རྐང་ལག་དང་ཁ་མིག་བརྒྱུད་འགོས་ཁྱབ་འགྲོ་གི་ཡོད་པ་རེད་ དེང་སྐབས་རྒྱ་ནག་ནང་རིང་མིན་ཕྱི་ཟླ་བརྒྱད་པའི་ནང་སྐོངས་འཚོགས་གནང་རྒྱུའི་རྒྱལ་སྤྱིའི་ཨོ་ལིམ་ཕིག་གི་

ལུས་བརྩལ་འགྲན་བསྡུར་གྱི་སྒོ་འབྱེད་མཛད་སྒོ་གྲ་སྒྲིག་བྱེད་དགོས་པའི་ཐོག་ཉེ་ལམ་བོད་ནང་བོད་མི་ཚོས་

རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་བའི་གནས་སྟངས་ཐད་བཀག་སྡོམ་གྱི་ལས་དོན་སྤེལ་

བཞིན་ཡོད་པ་དང་དེའི་ཐོག་ད་ལྟ་རྒྱ་ནག་ནང་བྱིས་པར་ནད་ཡམས་འགོས་ཁྱབ་བྱུང་བ་སོགས་ཀྱི་རྐྱེན་པས་

དེང་སྐབས་རྒྱ་ནག་གཞུང་ལ་དཀའ་རྙོག་འཕར་མ་ཞིག་འཕྲད་བཞིན་ཡོད་པ་རེད་

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org