ཀླུ་ཚང་དགོན་པའི་དགེ་འདུན་པ་དྲུག་གློད་བཀྲོལ་བཏང་འདུག

བོད་ཀྱི་མདོ་སྨད་མང་ར་ཀླུ་ཚང་དགོན་པའི་དགེ་འདུན་པ་དྲུག་དང་གཞན་ལས་བྱེད་པ་གཉིས་བཅས་ཁྱོན་མི་གྲངས་བརྒྱད་གློད་བཀྲོལ་བཏང་འདུག

༄༅༎བོད་ཀྱི་མདོ་སྨད་མང་ར་ཀླུ་ཚང་དགོན་པའི་དགེ་འདུན་པ་དྲུག་དང་སུམ་མདོ་གྲོས་ཚོའི་བོད་རིགས་ལས་བྱེད་བཀྲ་ཤིས་དོན་གྲུབ་དང་ཁོང་གི་སྤུན་མཆེད་ཆུང་བ་སྦྱིན་པ་རྒྱ་མཚོ་བཅས་ཁྱོན་བསྡོམས་མི་གྲངས་བརྒྱད་གློད་བཀྲོལ་བཏང་ཡོད་འདུག

དེ་ཡང་འདི་ལོའི་ཕྱི་ཟླ་གཉིས་པའི་ཚེས་ཉི་ཤུ་ལྔའི་ཉིན་མདོ་སྨད་མང་ར་ཀླུ་ཚང་དགོན་པའི་དགེ་འདུན་པ་ཚོས་མར་མེའི་ཁྲོམ་སྐོར་གནང་སྟེ་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱས་པར་བརྟེན་དགེ་འདུན་པ་བརྒྱ་དང་དགུ་ཙམ་འཛིན་བཟུང་གིས་དུས་ཡུན་ཟླ་བ་གཅིག་ཙམ་རིང་བཀག་ཉར་བྱས་རྗེས་དགེ་འདུན་པ་བརྒྱ་དང་གསུམ་ཕྱི་ཟླ་གསུམ་པའི་ཚེས་ཉི་ཤུ་གཅིག་ཉིན་གློད་བཀྲོལ་བཏང་ཡོད་ཀྱང་འཛིན་བཟུང་བྱས་པའི་ཁོངས་ནས་འཇམ་དབྱངས་ཤེས་རབ་དང་འཇམ་དབྱངས་དངོས་འགྲུབ།འཇམ་དབྱངས་མཁྱེན་རབ།ལུང་རྟོགས།ཀུན་བཟང༌།ཐབས་མཁས་རྒྱ་མཚོ་བཅས་པའི་དགེ་འདུན་པ་དྲུག་ད་བར་མུ་མཐུད་བཀག་ཉར་བྱས་རྗེས་ཉིན་ཤས་གོང་དགེ་འདུན་པ་དྲུག་པོ་དེ་དག་དང་སུམ་མདོ་གྲོང་ཚོའི་ལས་བྱེད་བཀྲ་ཤིས་དོན་འགྲུབ་དང་ཡང་སྐབས་དེར་གར་སོང་ཆ་མེད་དུ་གྱུར་བའི་བཀྲ་ཤིས་དོན་འགྲུབ་ཀྱི་སྤུན་མཆེད་ཆུང་བ་སྦྱིན་པ་རྒྱ་མཚོ་བཅས་པ་གློད་བཀྲོལ་བཏང་ཡོད་འདུག་ཀྱང་གོང་ཞུས་མི་སྣ་དེ་དག་ད་བར་གནས་སྟངས་ཇི་འདྲ་ཞིག་གི་འོག་བཙོན་ཁང་ནང་བཞུགས་དགོས་པ་བྱུང་ཡོད་མིན་དང་དེ་བཞིན་ཁོང་རྣམས་བསྐྱར་དུ་རང་སོ་སོའི་ལས་གནས་སུ་ཞུགས་ཆོག་མིན་བཅས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་མེད་པའི་གནས་ཚུལ་ཐོན་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org