རྒྱ་ནག་དམར་ཤོག་ཚོགས་པས་ཁ་བྲལ་རིང་ལུགས་ལ་དམ་བསྒྲགས།

རྒྱ་ནག་དམར་ཤོག་ཚོགས་པས་གྲངས་ཉུང་མི་རིགས་ཀྱི་ཁ་བྲལ་ལས་འགུལ་ཐོག་དྲག་གནོན་བྱེད་དགོས་པ་གལ་ཆེན་པོ་ཡིན་སྐོར་གསལ་བསྒྲགས།

༄༅༎རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་བཅུ་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་མཇུག་བསྒྲིལ་ཟིན་པའི་གསལ་བསྒྲགས་ནང་གྲངས་ཉུང་མི་རིགས་ཀྱི་ཁ་བྲལ་ལས་འགུལ་ཐོག་དྲག་གནོན་བྱེད་དགོས་པ་གལ་ཆེན་པོ་ཡིན་སྐོར་དང་དམར་ཤོག་ཚོགས་པའི་ཚོགས་མིའི་ནང་དུ་ལྐོག་ཟའི་བྱ་སྤྱོད་འགོག་ཐབས་ཐོག་ཤུགས་གནོན་རྒྱག་དགོས་སྐོར་གསལ་བ་ལས་འགོ་འཁྲིད་འཕོ་བསྒྱུར་གཏོང་སྲིད་པའི་རྟགས་མཚན་གང་ཡང་སྟོན་མེད་པའི་གནས་ཚུལ་ཐོན་འདུག དེ་ཡང་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་བཅུ་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དེ་འདི་ཚེས་བཅོ་ལྔ་ནས་བཅོ་བརྒྱད་བར་ཉིན་གྲངས་བཞིའི་རིང་སྐོང་འཚོགས་བྱས་པའི་ཐོག་ད་ལྟའི་སྲིད་འཛིན་གཞོན་པ་ཞི་ཅིན་ཕིང་ཡུལ་དེའི་དབུས་དམག་དོན་ལྷན་ཁང་གི་འགོ་འཁྲིད་གྲས་སུ་འདེམས་ཐོན་ཡོང་བའི་ཚོད་དཔག་བྱས་ཡོད་ཀྱང་ད་ལམ་ཚོགས་འདུ་མཇུག་བསྒྲིལ་ཟིན་པའི་གསལ་བསྒྲགས་ནང་གྲངས་ཉུང་མི་རིགསཀྱི་ས་ཁུལ་ཁག་ཏུ་ཁ་བྲལ་རིང་ལུགས་ཀྱི་བྱ་སྤྱོད་ལ་རྒོལ་རྡུང་གི་དྲག་གནོན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་གཞུང་འཛིན་དམར་ཤོག་ཚོགས་པའི་ནང་དུ་ལྐོག་ཟ་རུལ་སུངས་འགོག་ཐབས་ཐོག་ཤུགས་གནོན་རྒྱག་རྒྱུ་ཡིན་སྐོར་གསལ་བ་ལས་ཞི་ཅིན་ཕིང་གི་གོ་གནས་ལ་འཕོ་བསྒྱུར་ཡོང་སྲིད་མིན་སྐོར་གནས་ཚུལ་གང་ཡང་སྟོན་མེད་པ་དེར་ཆབ་སྲིད་ཉམས་ཞིབ་པ་ཚོས་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་འདུག དེ་ཡང་ད་ལྟའི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་ལས་དུས་ད་ནས་བཟུང་ལོ་གསུམ་གྱི་ནང་ཚུད་ཚང་འགྲོ་གི་ཡོད་པར་ཧུའུ་ཅིན་ཐའོ་ཡིས་ལས་དུས་ཚང་པའི་རྗེས་ད་ལྟའི་སྲིད་འཛིན་གཞོན་པ་ཞི་ཅིན་ཕིང་སྲིད་འཛིན་ངོ་མར་བསྐོ་འདེམས་བྱེད་སྲིད་པའི་ཚོད་དཔག་བྱས་ཡོད་ཀྱང་ད་ལམ་ཁོང་དབུས་དམག་དོན་ལྷན་ཁང་གི་འགོ་འཁྲིད་གྲས་སུ་བསྐོ་བཞག་མ་བྱས་པ་དེ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་འཁྲིད་ནང་ཁུལ་བསམ་ཚུལ་མ་མཐུན་པ་ཡོང་གི་ཡོད་པའི་དྭོགས་པ་སྐྱེ་གཞི་ཡིན་པ་མ་ཟད་ལྷག་པར་དུ་སྲིད་འཛིན་ལས་ཐོག་པ་ཧུའུ་ཅིན་ཐའོ་ཡིས་ཞི་ཅིན་ཕིང་མ་འོངས་པའི་རྒྱ་ནག་གི་སྲིད་འཛིན་གོ་གནས་ཐོག་སླེབས་རྒྱུར་འདོད་མོས་བྱེད་ཀྱི་མེད་པའི་མཐོང་ཚུལ་ཞིག་ཡོང་གི་ཡོད་པའི་འགྲེལ་བརྗོད་བྱས་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org