རྒྱ་ནག་ཕྱི་སྲིད་བློན་ཆེན་གྱིས་༸གོང་ས་མཆོག་ལ་སྐྱོན་འཛུགས་བྱས་སྐོར།
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་༸གོང་ས་མཆོག་ནས་རྒྱ་ནག་ཁ་བྲལ་གཏོང་རྒྱུར་འཇུག་བཞིན་ཡོད་ལུགས་ཀྱི་སྐྱོན་བརྗོད་དེ་སླར་ཡང་བྱས་འདུག
-
2008-06-09 -
-
-
༄༅༎རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དབྱང་ཅེ་ཁྲི་ཡིས་ བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ རྒྱ་ནག་ཁ་བྲལ་གཏོང་རྒྱུར་འཇུག་བཞིན་ཡོད་ལུགས་ཀྱི་རྒྱུན་ཆད་མེད་པའི་སྐྱོན་བརྗོད་དེ་ཁ་ས་སླར་ཡང་སཱིཔེན་གྱི་རྒྱལ་ས་མཱ་ཌི་རིཌི་ནང་སྐྱར་ཟློས་བྱས་ཡོད་པ་རེད་ དེ་ཡང་ཕྱི་སྲིད་བློན་ཆེན་དབྱང་ལ་གསར་འགོད་ལྷན་ཚོགས་ཀྱི་ཐོག་བོད་ཀྱི་གནད་དོན་ཐོག་དྲི་བ་བྱུང་བར་ སྐབས་དེར་ཁོ་པས་ཏཱ་ལའི་བླ་མས་བོད་རྒྱ་ནག་ནས་ཁ་བྲ་གཏོང་རྒྱུའི་ལས་དོན་མཚམས་འཇོག་དགོས་པ་དང་ རྒྱ་ནག་ནང་ཚུགས་རྒྱུའི་ཨོ་ལིམ་ཕིག་རྩེད་འགྲན་གྱི་ཆེ་ཐོངས་ལ་གནོད་འཚེ་གཏོང་རྒྱུ་དེ་མཚམས་འཇོག་དགོས་ཀྱི་ཡོད་སྐོར་གཏམ་བཤད་བྱས་ཡོད་འདུག ཕྱི་སྲིད་བློན་ཆེན་དབྱང་ཡིས་རེས་གཟའ་ཉི་མའི་གསར་འགོད་ལྷན་ཚོགས་ཀྱི་ཐོག་ ཏཱ་ལའི་བླ་མས་རྒྱ་ནག་ལ་གནོད་འཚེའི་བྱ་བ་དེ་རིགས་བརྩམས་མིན་ལ་མ་ལྟོས་པར་ རྒྱ་ནག་ངོས་ནས་ཏཱ་ལའི་བླ་མའི་སྐུ་ཚབ་ཀྱི་ལྷན་འབྲེལ་འཐུད་བྱེད་མུས་ཡིན་པ་དང་ འབྲེལ་མཐུད་དེ་བརྒྱུད་བོད་ཀྱི་དཀའ་རྙོག་སེལ་ཐབས་ལ་ཐབས་ལམ་འཚོལ་ཞིབ་ཐུབ་སྲིད་པ་ཞིག་ཀྱང་ཡིན་སྐོར་བརྗོད་ཡོད་པའི་སྐོར་ཨེ་པི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད་ སྐབས་དེར་སཱིཔེན་གྱི་ཕྱི་སྲིད་བློན་ཆེན་མཱི་གེལ་ཨེན་ཇེལ་མོ་ར་ཀྲི་ནོསི་ཡིས་ ཨོ་ལིམ་ཕིག་གི་རྩེད་འགྲན་དེ་ཆབ་སྲིད་ཀྱི་ངོ་བོར་འགྱུར་རྒྱུ་མེད་སྐོར་དང་ སཱིཔེན་ངོས་ནས་ཨོ་ལིམ་ཕིག་གི་རྩེད་འགྲན་ལ་གཞུང་འབྲེལ་སྐུ་ཚབ་ཆེད་གཏོང་གནང་རྒྱུ་ཡིན་སྐོར་བརྗོད་པ་དང་ ཡིན་ནའི་གཞུང་འབྲེལ་སྐུ་ཚབ་སུ་ཕེབས་མིན་གྱི་སྐོར་ངོ་སྤྲོད་གང་ཡང་གནང་མེད་པ་རེད་