ཉི་ཧོང་དུ་བོད་དོན་རྒྱབ་སྐྱོར་བས་ངོ་རྒོལ་གནང་བ།

རྒྱ་ནག་སྲིད་འཛིན་གྱིས་ཉི་ཧོང་གི་ཝ་སི་དྰ་གཙུག་ལག་སློབ་གྲྭའི་ནང་གསུང་བཤད་གནང་སྐབས་བོད་དོན་རྒྱབ་སྐྱོར་བས་ངོ་རྒོལ་བྱས་པ།

༄༅༎ཉི་ཧོང་ནང་ཉིན་གྲངས་ལྔའི་རིང་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པའི་རྒྱ་ནག་གི་སྲིད་འཛིན་ ཧུའུ་ཅིན་ཐའོ ་ད་རིང་ཉི་ཧོང་གི་ ཝ་སི་དྰ གཙུག་ལག་སློབ་གྲྭ་ཆེན་མོའི་ནང་གསུང་བཤད་གནང་སྐབས། ཚོགས་ཁང་གི་ཕྱིར་ཉི་ཧོང་གི་བདེ་སྲུང་ཉེན་རྟོག་པས་སྲུང་སྐྱོབ་དམ་པོའི་འོག་བོད་དོན་རྒྱབ་

སྐྱོར་བ་བརྒྱ་སྐོར་ཞིག་གིས། བོད་ཀྱི་རྒྱལ་དར་ཕྱར་གནང་བ་དང་བོད་རང་དབང་དགོས་པའི་ངོ་རྒོལ་སྐད་འབོད་ཤུགས་ཆེ་གནང་འདུག ཁ་ས་སྲིད་འཛིན་

ཧུའུ་ཅིན་ཐའོ ་ཉི་ཧོང་གི་སྲིད་བློན་ ཕ་ཀུ་ད མཆོག་དང་མཇལ་འཕྲད་གནང་ཡོད་པ་དང༌། དེ་རིང་སྔ་དྲོ་ཉི་ཧོང་གི་མཐོ་རིམ་དབུ་ཁྲིད་ཟུར་པ་ཁག་གཅིག་དང

་ལྷན་དུ་སྔ་དྲོའི་གསོལ་ཇ་མཆོད་ནས་ཉིན་གུང་ ཝ་སི་དཱ གཙུག་ལག་སློབ་གྲྭ་ཆེན་མོའི་ནང་གསུང་བཤད་གནང་ཡོད་པ་རེད། འོན་ཀྱང་གོང་ཞུས་གཙུག་ལག

་སློབ་གྲྭ་ཆེན་མོ་དེའི་སློབ་ཕྲུག་ཟུར་པའི་ཚོགས་པས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་དང་འབྲེལ། ཉེ་དུས་རྒྱ་ནག་གཞུང་གིས་བོད་ནང་གི་ཞི་བའི་ངོ་རྒོལ་ཐོག་དྲག་གནོན་བྱས་པར་ངོ་རྒོལ་མཚོན་ཆེད་ ཧུ་ཅིན་ཐའོ གཙུག་ལག་སློབ་གྲྭ་ཆེན་མོ་དེའི་ནང་

ཕེབས་རྒྱུའི་འཆར་གཞི་དེ་དག་ཕྱིར་འཐེན་བྱ་དགོས་པའི་དགོས་འདུན་ཡང་བཏོན་གནང་ཡོད་པ་རེད། སློབ་ཕྲུག་ཟུར་པའི་ཚོགས་པ་དེས་གསལ་བསྒྲགས་ཤིག་སྤེལ་གནང་ཡོད་པའི་ནང༌། ཧུ་ཅིན་ཐའོ ་ནི་བོད་ནང་གི་བོད་མི་ཚོའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་

འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་ཐོག་དམ་བསྒྲག་དང་དྲག་གནོན་བྱེད་མཁན་འཛིན་སྐྱོང་མི་སྣ་གཙོ་བོ་དེ་ཡིན་སྐོར་བརྗོད་གནང་འདུག།

 

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org