ཨཕ་ག་ནི་སི་ཏན་ནང་གི་ནང་པའི་གནའ་རྗས་སྐྱོབ་རྒྱུ་དཀའ།
རྒྱ་ནག་གིས་གཏེར་ཁ་བསྔོག་འདོན་གྱི་གནོན་ཤུགས་འོག་ཨཕ་ག་ནི་སི་ཏན་ནང་གི་ནང་པའི་གནའ་རྗས་སྐྱོབ་གནང་རྒྱུར་དཀའ་ངལ་འཕྲད་པ།
-
2010-11-15 -
-
-
༄༅༎རྒྱ་ནག་གིས་གཏེར་ཁ་བསྔོག་འདོན་གྱི་གནོན་ཤུགས་འོག་ཨཕ་ག་ནི་སི་ཏན་གྱི་ཤར་ཕྱོགས་ས་ཁུལ་དུ་བརྙེན་སོན་བྱུང་བའི་ལོ་ངོ་སྟོང་ཕྲག་གི་ནང་པའི་དགོན་པའི་རྩ་ཆེའི་སྐུ་བརྙན་སོགས་གནའ་རྗས་ཁག་དུས་ཐོག་སྐྱོབ་གནང་རྒྱུར་དཀའ་ངལ་འཕྲད་བཞིན་པའི་གནས་ཚུལ་ཐོན་འདུག་། ཨཕ་ག་ནི་སི་ཏན་གྱི་ཤར་ཕྱོགས་ཞིང་ཆེན་ལོ་སྒར་གྱི་མེསི་ཨེ་ནཀ་ས་གནས་སུ་ལོ་ངོ་༢༦༠༠སྔོན་གྱི་ནང་པའི་དགོན་པའི་བཤུལ་ལུས་རྩ་ཆེའི་གནའ་རྗས་མང་པོ་ཞིག་བརྙེན་སོན་བྱུང་ཡོད་པ་དང་ དེའི་གྲས་སུ་ལྷ་ཁང་དང་ གྱང་གི་སྟེང་དུ་བཀོད་པའི་ལྡེབས་རིས་དང་ སྟོན་པའི་སྐུ་བརྙན་ཆེ་ཆུང་༡༥༠་ཙམ་དང་ སྐུ་བརྙན་ཆེ་བ་ཁག་གི་མཐོ་ཚད་ཕི་ཌི་༣༠་ཡོད་པ་རྣམས་ལོ་ངོ་གསུམ་གྱི་དུས་ཡུན་ནང་སྲུང་སྐྱོབ་ཆེད་དུ་ས་གནས་ནས་བཏོན་ཐུབ་པ་དགོས་ཐུབ་པའི་གན་བརྒྱ་མོས་མཐུན་བྱུང་ཡོད་པ་རེད་འདུག་། འོན་ཀྱང་ད་ཆ་ས་གནས་དེ་གར་རྒྱ་ནག་གིས་་ཨ་རིའི་ཌོ་ལར་ཐེར་འབུམ་༣དང་ཕྱེད་ཀའི་མ་རྩ་འཛུགས་འཇོག་བྱས་ནས་ཟང་གི་གཏེར་ཀ་བསྔོག་རྒྱུའི་ལས་དྲ་བཀོད་ནས་གནའ་རྫས་རྟོག་ཞིབ་པ་རྣམས་ལ་ཕྱི་ལོ་༢༠༡༠ལོ་མཇུག་ཏུ་རྩ་ཆེའི་ནང་པའི་གནའ་རྫས་རྣམས་སྐྱོབ་ཐུབ་པའི་གནོན་ཤུགས་སྤྲད་ཀྱི་ཡོད་པ་རེད་འདུག་། འོན་ཀྱང་གནའ་རྫས་རྟོག་ཞིབ་པ་༡༥དང་ཕི་རན་སིའི་སློབ་སྟོན་པ་གསུམ་དང་ལས་རོགས་ངལ་རྩོལ་བ་༢༤ལས་མེད་པས་དུས་ཐོག་ནང་པའི་སྐུ་བརྙན་སོགས་སྐྱོབས་རྒྱུ་ཁག་པོ་ཡིན་པ་རེད་འདུག་། ལྷག་དོན་དུ་ཨཕ་ག་ནི་སི་ཏན་གྱི་གཞུང་གི་ཕྱོགས་ནས་ཀྱང་རྒྱ་ནག་གི་གཏེར་ལས་ནས་ཡོང་སྒོ་ཆེན་པོ་ཡོད་པ་མ་ཟད་ ས་གནས་ཀྱི་མི་སེར་མང་པོ་ཞིག་ལ་ལས་ཀའི་གོ་སྐབས་ཐོབ་ཀྱི་ཡོད་པ་སོགས་ཀྱིས་གནོན་ཤུགས་ཆེན་པོ་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག་།