བོད་དོན་རྒྱབ་སྐྱོར་ཚོགས་པས་ཨོསེ་ཁྲོ་ཡའི་བློན་ཆེན་ལ་འབོད་སྐུལ།
ཨོ་སེ་ཁྲོ་ལི་ཡའི་ཕྱི་སྲིད་བློན་ཆེན་ལ་རྒྱ་ནག་གི་དཔོན་རིགས་མཉམ་བོད་ནང་གི་ཐོབ་ཐང་ཐད་འབོད་སྐུལ་གནང་རོགས་ཞེས་སྙན་ཞུ་ཕུལ་བ།
-
2010-11-02 -
-
-
༄༅༎ད་རེས་ཨོ་སེ་ཁྲོལ་ལི་ཡའི་ནང་རྟེན་གཞི་བྱེད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཚེ་རིང་སྐྱིད་འཛོམས་ལགས་ཀྱིས་འགྲེལ་བརྗོད་གནང་དོན་ལྟར། ཨོ་སེ་ཁྲོལ་ལི་ཡའི་ཡུལ་དེའི་ཕྱི་སྲིད་བློན་ཆེན་ཀེ་ལྦིན་ར་ཌེ། རྒྱ་ནག་ལ་གཞུང་འབྲེལ་གཟིགས་བསྐོར་དུ་ཕེབས་སྐབས་བོད་ནང་དེང་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་ཉམས་ཆག་འགྲོ་ཉེན་གྱི་སྲིད་བྱུས་ལག་བསྟར་བྱ་རྒྱུའི་འཆར་འགོད་ལ་བོད་ནང་སློབ་ཕྲུག་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་རྒྱབ་བཞིན་པའི་གནས་སྟངས་དེ་ཚོའི་སྐོར་རྒྱ་ནག་གཞུང་གི་དཔོན་རིགས་ཚོར་སྐད་ཡིག་གི་ཐོབ་ཐང་ཐད་འབོད་སྐུལ་གནང་རོགས་ཞེས་ཞུས་གནང་ཡོད་པའི་སྐོར་གསུངས་ཡོད་པ་རེད།
དེ་བཞིན་ཁོང་ཚོས་ཡུལ་དེའི་སྲིད་བློན་མཆོག་ལའང་དེང་སང་བོད་ནང་སློབ་ཕྲུག་ཚོས་སྐད་འབོད་རྒྱབ་བཞིན་པའི་བོད་སྐད་ཡིག་གི་ཐོིབ་ཐང་གི་ཐད་རྒྱ་ནག་གི་དཔོན་རིགས་ཚོར་འབོད་སྐུལ་གནང་རོགས་གནང་ཞེས་འཁོད་པའི་སྙན་ཞུ་ཞིག་ཀྱང་ཕུལ་ཡོད་པའི་སྐོར་འགྲེལ་བརྗོད་གནང་ཡོད་པའི་གནས་ཚུལ་ཐོན་བཞག།