རྒྱ་ནག་གི་རྩོམ་པ་པོ་ལིའུ་ཤའོ་ཕུའུ་ལ་ཁྲིམས་བཅད་པར་ངོ་རྒོལ།

རྒྱ་ནག་གཞུང་གིས་རྩོམ་པ་པོ་ལིའུ་ཤའོ་ཕུའུ་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དེར་ཨོ་སི་ཀྲོ་ཡའི་རྩོམ་པ་པོ་ཞིག་གིས་ངོ་རྒོལ་གནང་འདུག

༄༅༎ཨོ་སི་ཀྲོ་ལི་ཡའི་མའེལ་སི་ཕེ་རེང་ལིན་ཞེས་པའི་རྩོམ་བྲིས་ཀྱི་བྱ་དགའ་བཞེས་མཁན་རྩོམ་པ་པོ་ཕེ་རེང་མུའར་ཧ་ཨོ་སི་ཡིས་རྒྱ་ནག་གཞུང་གིས་རྩོམ་པ་པོ་ལིའུ་ཤའོ་ཕུའུ་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་པར་ངོ་རྒོལ་མཚོན་ཆེད་རྒྱ་ནག་ནང་ཁོང་གིས་བྲིས་གནང་བའི་ཌཀ་པེ་ལེ་སི་ཞེས་པའི་དེབ་དེ་བསྐོར་བསྐྱོད་ལ་ཕེབས་རྒྱུ་ཕྱིར་འཐེན་གནང་ཡོད་འདུག

སྐུ་ཞབས་ཕེ་རེང་མུའར་ཧ་ཨོ་སི་ཡིས་བྲིས་གནང་བའི་ཌཀ་པེ་ལེ་སི་འམ་མུན་ནག་གི་ས་ཆ་ཞེས་པའི་དེབ་དེར་ཕྱི་ལོ་ཉིས་སྟོང་གཅིག་ལོའི་  ཨོ་སི་ཁྲོ་རི་ཡའི་རྩོམ་བྲིས་ཀྱི་བྱ་དགའ་ཆེ་ཤོས་ཀྱི་གྲས་མའེལ་སི་ཕེ་རེང་ལིན་ཞེས་པ་དེ་ཐོབ་ཡོད་པ་དང་ད་རེས་ཁོང་གིས་གོང་ཞུས་དེབ་དེ་རྣམ་ནས་་རྒྱ་ནག་གི་རྒྱལ་ས་པེ་ཅིན་དང་གྲོང་ཁྱེར་གྲན་ཏུ་ ཧོང་ཀོང་ དེ་བཞིན་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧད་ནང་ཚོགས་རྒྱུའི་རྒྱལ་སྤྱིའི་རྩོམ་པ་པོའི་དུས་སྟོན་ཐོག་བསྐོར་བསྐྱོད་དུ་ཕེབས་འཆར་ཡོད་ཀྱང་རྒྱ་ནག་གཞུང་གིས་ཉེ་ཆར་རྒྱ་ནག་ནང་གི་རྩོམ་པ་པོ་དང་དམངས་གཙོ་དོན་གཉེར་བ་ལིའུ་ཤའོ་ཕུའུ་ལ་བཙོན་འཇུག་ལོ་བཅུ་གཅིག་གི་ཁྲིམས་ཐག་ཉེས་ཆད་བཅད་པར་ངོ་རྒོལ་མཚོན་ཆེད་གོང་གི་བསྐོར་བསྐྱོད་ལས་འཆར་ཕྱིར་འཐེན་གནང་རྒྱུའི་ཐག་གཅོད་གནང་ཡོད་ཅིང་རྩོམ་པ་པོ་ཕེ་རེང་མུའར་ཧ་ཨོ་སི་ཡིས་གསུང་ན་ ཁོང་གིས་ཁོང་རང་གི་ཡུལ་ནང་སྨྲ་བརྗོད་དང་ རང་ཉིད་ཀྱི་བསམ་ཚུལ་རང་དབང་ཐོག་ནས་བཏོན་རྒྱུའི་འདོད་ཚུལ་བཏོན་གནང་ཡོད་པར་ཁས་ལེན་དང་བཟང་ཕྱོགས་ཀྱི་ལན་འདེབས་བྱུང་བར་བརྟེན་ནས་ཁོང་གིས་རྒྱ་ནག་ནང་ཁ་མི་གྲག་བར་སྡོད་ཐུབ་ཐབས་མེད་པ་དང་ ད་རེས་རྒྱ་ནག་ནང་རྩོམ་པ་པོའི་ལྷན་ཚོགས་ཐོག་ལིའུ་ཤའོ་ཕུའུ་མཉམ་ཞུགས་གནང་ཐུབ་ཀྱི་མེད་པ་སོགས་ལ་བརྟེན་ནས་རྒྱ་ནག་ནང་ཕེབས་རྒྱུའི་འཆར་གཞི་འཕྱིར་ཐེན་གནང་བའི་སྐོར་གསུང་འདུག རྩོམ་པ་པོ་ལིའུ་ཤའོ་ཕུའུ་ཡིས་རྒྱ་ནག་གི་གསང་བ་ཕྱིར་འགྱར་བྱས་པ་སོགས་ཀྱི་ཉེས་བཙུགས་ཐོག་ནས་རྒྱ་ནག་གཞུང་གིས་བཙོན་འཇུག་ལོ་བཅུ་གཅིག་གི་ཁྲིམས་ཐག་བཅད་ཡོད་པ་དང་ལིའུ་ཤའོ་ཕུའུ་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་པ་ནས་བཟུང་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སོགས་རྒྱལ་ཁབ་དང་ཚོགས་པ་མི་སྒེར་ཧ་ཅང་མང་པོས་རྒྱ་ནག་གཞུང་གིས་ཁོང་གློད་བཀྲོལ་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད་པ་རེད་

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org