ཨོ་ལིམ་པིག་སྐབས་ངོ་རྒོལ་འབྱུང་ཚེ་སྦི་སྦི་སིས་གནས་ཚུལ་སྤེལ་རྒྱུ།
པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་སྐབས་ངོ་རྒོལ་གྱི་ལས་འགུལ་སོགས་འབྱུང་ཚེ་དབྱིན་ཇིའི་སྦི་སྦི་སི་གསར་ལས་ཁང་གིས་གནས་ཚུལ་དེ་དག་ཕྱིར་བསྒྲགས་བྱ་རྒྱུ་ཡིན་འདུག
-
2008-06-14 -
-
-
༄༅༎འདི་ལོ་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་སྐབས་ གལ་ཏེ་ཆབ་སྲིད་དང་འབྲེལ་བའི་ངོ་རྒོལ་གྱི་ལས་འགུལ་སོགས་འབྱུང་ཚེ་ རྩེད་འགྲན་གོ་བསྒྲིག་པའི་ངོས་ནས་ངོ་རྒོལ་གྱི་བརྙན་པར་དེ་དག་འགོག་ཐབས་བྱེད་སྲིད་མིན་ལ་མ་ལྟོས་པར་ དབྱིན་ཇིའི་སྦི་སྦི་སི་གསར་ལས་ཁང་གིས་གནས་ཚུལ་དེ་དག་ཕྱིར་བསྒྲགས་བྱ་རྒྱུ་ཡིན་པ་གཟའ་པ་སངས་ཉིན་གསལ་བསྒྲགས་བྱས་འདུག
ཨོ་ལིམ་པིཀ་རྩེད་ཐང་ནང་གསར་ལས་གང་ཞིག་འགྲོ་ཆོག་མིན་གྱི་གྲངས་ཚད་གཏན་འབེབས་བྱས་ཡོད་པ་རེད་ དབྱིན་ཇིའི་གསར་ལས་ཁང་ཇི་སྙིད་ཅིག་ཡོད་པའི་ཁོངས་ནས་སྦི་སྦི་སི་གསར་ལས་ཁང་ལ་མ་གཏོགས་རྩེད་ཐང་ནང་འགྲོ་རྒྱུའི་ཆོག་མཆན་མེད་པ་དང་ གཟའ་པ་སངས་ཉིན་སྦི་སྦི་སི་གསར་ལས་ཁང་གིས་ གལ་ཏེ་ངོ་རྒོལ་དེ་རིགས་དཔར་ཆས་ཡོད་སའི་ས་གནས་ཤིག་ཏུ་འབྱུང་ཚེ་ གནས་ཚུལ་དེ་དག་ང་ཚོས་གཡོལ་ཐབས་མ་བྱས་པར་འགན་ཁུར་བའི་ཐོག་ནས་ཕྱིར་བསྒྲགས་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་པ་དེས་ རྒྱ་ནག་གཞུང་མི་བདེ་བ་ཆགས་བཞིན་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།