རྒྱ་ནག་ནང་ཡུལ་སྐོར་སྤྲོ་འཆམ་ཉུང་དུ་ཕྱིན་པ།
རྒྱ་ནག་ནང་ཡུལ་སྐོར་སྤྲོ་འཆམ་ཡོང་མཁན་གྱི་གྲངས་ཚད་སྔར་ལས་བརྒྱ་ཆ་ལྔ་ལྷག་ཙམ་ཉུང་དུ་ཕྱིན་ཡོད་འདུག
-
2008-05-20 -
-
-
༄༅༎རྒྱ་ནག་ནང་ཡུལ་སྐོར་སྤྲོ་འཆམ་ཡོང་མཁན་གྱི་གྲངས་ཚད་ཉུང་དུ་ཕྱིན་ཡོད་འདུག དེ་ཡང་རྒྱ་ནག་གཞུང་འབྲེལ་ལས་ཁུངས་ནས་སྙན་ཐོ་བཏོན་པར་ལྟར་
་ན། ལོ་འདིའི་ཕྱི་ཟླ་བཞི་པའི་ནང༌རྒྱ་ནག་ནང་ཕྱིའི་རྒྱལ་ཁབ་ཁག་ནས་ཡུལ་སྐོར་སྤྲོ་འཆམ་ཡོང་མཁན་གྱི་གྲངས་ཚད་འདས་པའི་ལོ་ནས་རྩིས་ན་བརྒྱ་ཆ་ལྔ་ལྷག་
ཙམ་ཉུང་དུ་ཕྱིན་ཡོད་པ་དང༌། དེའི་རྒྱུ་མཚན་ནི་ཨོ་ལིམ་པིཀ་ཡི་རྩེད་འགྲན་གྱི་དུས་ཚོད་རན་ཡོད་པའི་ཆ་ནས་སྲུང་སྐྱོབ་ཀྱི་རྐྱེན་པས་ཕྱི་ཕྱོགས་ནས་ཡོང་
མཁན་ཚོར་ཐོངས་མཆན་སྤྲོད་རྒྱུར་དམ་སྒྲགས་ཆེ་རུ་བཏང་བ་དེས་ཡིན་ལུགས་འགྲེལ་བརྗོད་བྱས་པ་མ་གཏོགས་བོད་ནང་ཕྱི་ཟླ་གསུམ་པའི་ནང་དོན་རྐྱེན་བྱུང་བ་དང༌། རྒྱལ་སྤྱིའི་ནང་ཨོ་ལིམ་པིཀ་རྩེད་འགྲན་གྱི་དཔལ་འབར་འཁྱེར་བའི་ངོ་རྒོལ་གྱི་ལས་འགུལ་མང་པོ་སྤེལ་བའི་རྗེས་འབྲས་ཡིན་པ་སོགས་ལུང་
འདྲེན་བྱེད་མཁན་ཡོད་པ་ནི་བདེན་པ་མ་རེད་ཅེས་གསལ་བཤད་བྱས་ཡོད་པ་རེད།་ འདི་ལོའི་ཕྱི་ཟླ་བཞི་པའི་ནང་ཡུལ་སྐོར་སྤྲོ་འཆམ་ཡོང་མཁན་ཕལ་ཆེ་བ་ཧོང་
ཀོང་དང༌། མ་ཀའོ་། དེ་བཞིན་ཐའི་ཝན་བཅས་ནས་གྲངས་འབོར་མང་བ་བྱུང་ཡོད་པ་རེད། དུས་རྒྱུན་ཕྱིའི་རྒྱལ་ཁབ་ཁག་གི་ཁོངས་ནས་ཨ་རི་དང༌། ཉི་ཧོང་། ལྷོ་ཀོ་རི་ཡ་བཅས་ནས་ཡིན་ནའང་དེ་དག་གི་གྲངས་ཚད་ལོ་འདིའི་ནང་བརྒྱ་ཆ་བདུན་ལྷག་ཙམ་ཆགས་ཡོད་པའི་གནས་ཚུལ་ཐོན་འདུག།