འབར་བཞིན་པའི་བོད།

མོས་ཀོ་རུ་རང་སྲེག་དང་འབྲེལ་བའི་བརྙན་པར་གཟིགས་འབུལ་དང་། འབར་བཞིན་པའི་བོད་ཅེས་པའི་གཏམ་བཤད་ཀྱི་ལས་རིམ་གོ་སྒྲིག་ཞུས་འདུག

བོད་ནང་རང་ལུས་མེར་སྲེག་གི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་རྒྱུའི་དྲིལ་བསྒྲགས་ཡིག་ཆ། བྱང་ཀེ་ལི་ཕོར་ནིའི་བོད་རིགས་ཚོགས་པ་ཐུན་མོང་།

༄༅།    །ཕྱི་ཟླ་ ༢ ཚེས་ ༢༠ ཉིན་འཛམ་གླིང་གི་ས་ཕྱོགས་གང་སར་བོད་བསྟན་སྲིད་མི་རིགས་དང་རང་དབང་གི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་བོད་མི་རྣམས་དང་།    ད་ལྟའང་རྒྱ་ནག་གཞུང་གིས་བཙོན་ཁང་ནང་མནར་གཅོད་མྱངས་དང་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་མཆོད་འབུལ་སྨོན་ལམ་ཚོགས་ཡོད་པ་ལྟར།    ཨུ་རུ་སུའི་རྒྱལ་ས་མོས་ཀོའི་ (hall of Sakharov Center) ཞེས་པའི་ཚོགས་ཁང་ནང་མོས་ཀོར་རྟེན་གཞི་བྱས་པའི་བོད་སྐྱོབ་དགེ་རྩ་ཚོགས་པ་དང་བོད་མིའི་རང་བཙན་ལས་འགུལ་གྱི་ཨུ་རུ་སུའི་ལས་འགུལ་བ་ལྕམ་སྐུ་ཝེ་ལི་རི་ཡ་མི་ལར་ (Ms Valeriya Miller) ཐུན་མོང་གིས་༼འབར་བཞིན་པའི་བོད།༽ཅེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་གཏམ་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་གནང་འདུག
སྐབས་དེར་བོད་མིས་རང་ལུས་མེར་སྲེག་གཏོང་དགོས་དོན་ཅི་ཡིན། ཞེས་པའི་བརྙན་འཕྲིན་གཟིགས་འབུལ་ཞུས་ཡོད་པ་དང་།   ལྕམ་ཝེ་ལི་རི་ཡ་མི་ལར་གྱིས་བོད་ནང་རང་ལུས་མེར་སྲེག་གི་བྱུང་རིམ་དང་རྒྱབ་ལྗོངས། དེ་བཞིན་ ཁོང་རྣམ་པའི་ཞལ་ཆེམས་སོགས་གཏམ་བཤད་ལས་རིམ་དེའི་ཐོག་ཕེབས་པའི་མང་ཚོགས་ཚོར་འགྲེལ་བཤད་གནང་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org